ལིས་ཅེ་ཞང་གིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་ལ་བཀོད་སྒྲིག་བྱེད་པ་དང་སྟོན་དུས་ཀྱི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་ལ་བཀོད་སྒྲིག་བྱེད་པ་དང་སྟོན་དུས་ཀྱི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན། གནད་འགག་ལས་རིམ་དམ་པོར་འཛིན་པ་དང་འཁོར་རྒྱུག་བཀོད་གཏོང་ལ་ཤུགས་སྣོན་པ། ལྟ་སྐུལ་ཚད་ལེན་ལ་དབྱེ་ཞིབ་བྱེད་པ། གནད་དོན་འབུར་ཐོན་ཐག་གཅོད་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་ལས་དོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་ཧུར་བརྩོན་ཆེན་པོས་དཀའ་ངལ་ཅི་ཡོད་ལ་གདོང་གཏད་དེ། དཀའ་ངལ་ཅི་ཡོད་མཁྲེགས་གཏོར་བྱེད་པ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་སྤྱིའི་ཆ་ནས་བརྟན་འཇགས་དང་བདེ་ཐང་ངང་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་། དུས་ཚིགས་བཞི་བ་ནི་ལོ་ཧྲིལ་བོའི་ལས་དོན་གྱི་མཇུག་བསྡུ་བའི་དུས་རིམ་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་འོས་འགན་ལྷོད་མེད་བྱས་ནས།ཤུགས་ཆེན་པོས་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པ་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་རྗེས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།