ལིག་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང་དང་རྐང་ཚ་རྫོང་བཅས་ཀྱི་སློབ་སྔོན་སློབ་གསོ་དང་རྨང་གཞི་སློབ་གསོ། སློབ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པ། སློབ་རའི་བདེ་འཇགས། སློབ་གསོ་དབུལ་སྐྱོར་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

ལིག་ཐའོ་སྔ་གཞུག་ཏུ་དཔའ་ལུང་རྫོང་གི་སློབ་འབྲིང་གསུམ་པ་དང་ཆུ་འཁོར་གྲོང་རྡལ་གྱི་བྱིས་སྐྱོང་ཁང་དང་པོ། ཞོན་ཧྭ་རྫོང་ཁྲ་ཧན་ཏུའུ་ཟི་ཞང་ཧུང་ཆིས་སློབ་གྲྭ བིས་མདོ་ཞང་བོད་ཡིག་སློབ་འབྲིང་། ཞོན་ཧྭ་ལས་རིགས་སློབ་གསོའི་སློབ་གྲྭ མདའ་གཞི་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་། མདོ་ལ་རི་བོའི་སློབ་འབྲིང་སོགས་སུ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་ལས་གཞན། དགེ་སློབ་རྣམས་དང་ལྷན་དུ་ཁ་བརྡ་བྱས་ཏེ། སློབ་སྒྲུབ་ལས་དོན་དང་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་མི་གསོ་སྐྱོང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།