ཐེན་ཅིན་ཁྲེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན་ནས་ཚེས10ཡི་ཉིན་བར། ཧྲེང་ཀྲང་གཞོན་པ་ཐན་ཅིན་ཁྲེན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མཚོ་སྔོན་པོའི་ས་ཁོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དོ་དམ་དང་། དེ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་བྱེད་པར་བསྐྱོད་དེ། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་བར་ནན་ཏན་བྱེད་པའི་སྐོར་གྱི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སྐྱེ་ལྡན་ལུད་རྫས་ལས་སྣོན་བཟོ་གྲྭའི་ནང་དུ། ཐེན་ཅིན་ཁྲེན་གྱིས་མཚོ་སྔོན་པོའི་སྒང་སྤུ་ཆུ་སྔོ་བཅོས་སྐྱོང་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་གནས་ཚུལ་སྐོར་བཀའ་འདྲི་གནང་ནས། ཆུའི་སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོན་འགོག་བཅོས་སྐྱོང་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། བྱ་གླིང་གྲོང་རྡལ་དུ་ཐེན་ཅིན་ཁྲེན་གྱིས་མགྲོན་ཁང་ཁག་གཅིག་གི་བཙོག་ཆུ་ཕུད་གཏོང་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། བྱ་གླིང་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་། ཆུ་འཁྱིལ་འདམ་ར། མཚོ་སྙིང་རི་བོའི་ལྟེ་བའི་ཁུལ་སོགས་སུ་ཐེན་ཅིན་ཁྲེན་གྱིས་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁུལ་དབྱེ་དོ་དམ་ཚོད་འཛིན་དང་། དེ་བཞིན་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་རྒྱུས་ལོན་དང་ཞིབ་ཕྲའི་བརྟག་ཞིབ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་གྱི་སྤྱིའི་དམིགས་ཚད་གཞིར་བཟུང་འཆར་འགོད་ཚོད་སྐོར་དང་། སྣོད་བཅུད་ཀྱི་ཉེན་ཟོན་སྔོན་བརྡ། སྲུང་སྐྱོང་ཁུལ་གྱི་ས་མཚམས་རྩད་ཞིབ་ཚད་གཞི་གཏན་འཁེལ་སོགས་ཀྱི་ལས་དོན་ནན་ཏན་གྱིས་སྤེལ་ནས་གོམ་སྟབས་རྗེས་མར་རང་བྱུང་སྲུང་སྐྱོང་ཁུལ་གྱི“ཁུལ་གཉིས་སུ་འགྱུར་བའི”རྨང་གཞི་ཡག་པོ་འདིང་དགོས་ཞེས་བསྟན་པ་རེད། 

ཐན་ཅིན་ཁྲེན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ལག་རྩལ་བཅས་བསྡུ་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། རུ་ཆུ་དང་ནགས་ཚལ། མཚེའུ་དང་རྩྭ་ས་བཅས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཞིར་བཟུང་། སྡེ་ཁག་མང་པོས་མཉམ་ལས་བྱེད་པའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མཚོ་སྔོན་པོའི་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆེན་པོའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།