མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་སྐོར་དྲུག་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་སྐོར་དྲུག་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་སྐོར་ལྔ་པའི་གནས་ཚུལ་སྙན་སྒྲོན་གསན་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པར་མ་ཟད། སྐོར་ཞིབ་ཚོ་ཆུང་གི་ཚོགས་གཙོ་བསྐོ་བཞག་འགན་བསྐུར་དང་འགན་འཁྲི་ལས་བགོའི་ཐག་གཅོད་ཀྱང་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་ཐིན་ཅཱ་ཚེའེ་ཡིས་སྐུལ་སློང་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་གཞོན་པ་ཝང་ཡུའུ་ཡེན་གྱིས་ཚོགས་འདུ་གཙོ་སྐྱོང་མཛད།

ཚོགས་འདུ་ལས་ནན་བཤད་གནང་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་གསར་པ་དང་རེ་བ་གསར་པ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་ཡོང་བ་དང་། དུས་རབས་གསར་པའི་སྐོར་ཞིབ་ལས་དོན་གྱི་འགན་འཁྲི་ཡང་དག་པར་ཁོང་དུ་ཆུད་པ། “སྲུང་སྐྱོང་གཉིས་”ཆབ་སྲིད་ཀྱི་རྩ་བའི་ལས་འགན་དུ་འཛིན་པ་བཅས་བྱས་ཏེ། སྐོར་ཞིབ་ཀྱི་ཆབ་སྲིད་ལྟ་རྟོག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བསྟན།

ཐེངས་འདིའི་སྐོར་ཞིབ་ཀྱིས་མཚོ་ཤར་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་། ཟི་ལིང་གྲོང་ཁྱེར་གྱི་མཁར་དབུས་ཁུལ་དང་མཁར་བྱང་ཁུལ། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ཐིང་དང་། སྐྱེ་ཁམས་ཁོར་ཡུག་ཐིང་། ཆུ་བེད་ཐིང་། ཞིང་ལས་གྲོང་གསེབ་ཐིང་བཅས་ལ་སྐོར་ཞིབ་གནང་རྒྱུ་ཡིན་པ་དང་། སྤྱི་ཟླ་བཅུ་པའི་ཟླ་དཀྱིལ་ནས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བར་ཕིན་ཨན་ས་ཁུལ་ནས་“ཕྱིར་བལྟ་”ཞེས་པའི་བྱ་འགུལ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།