མཚོ་སྔོན་གྱིས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་པར་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་བར་དུ་འགལ་རྐྱེན་སྣ་ཚོགས་མང་དུ་འགྲོ་བའི་གནས་ཚུལ་འོག   མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཚོང་འགུགས་མ་འདྲེན་གྱི་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་བཏོན་ནས་རང་ཞིང་གི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་རྣམ་གྲངས་ལ་དམིགས་ཏེ་གནས་དང་གནས་ལ་ཞབས་ཞུ་དང་།  ཚོང་འགུག་ནང་འདྲེན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་འགུགས་པའི་ལས་དོན་ཐད་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས།  ཟླ་དང་པོ་ནས་དགུ་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་ཁེ་ལས་9གསར་དུ་བཙུགས་པ་དང་། ཚང་མ་ཕྱི་རྒྱལ་གྱི་མ་དངུལ་བཏང་པའི་ཁེ་ལས་ཡིན་པ་དང་། མ་འཇོག་བསྡོམས་འབོར་ཨ་སྒོར་ཁྲི་7850.81ཟིན་ཡོད་ལ། དུས་མཉམ་ལས10%ཡར་འཕར། གན་རྒྱའི་ཕྱི་དངུལ་ཨ་སྒོར་ཁྲི་7850.81ཟིན་པ་དང་དུས་མཉམ་ལས71%ཡར་འཕར་ཡོད།

ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག   ཞིང་ཆེན་ཚོང་དོན་ཐིང་གིས་ཐོག་མཐའ་བར་གསུམ་དུ་ཚོང་འགུགས་མ་འདྲེན་ནི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། སྲིད་ཇུས་ཐད་ནས་རྒྱབ་སྐྱོར་ཚད་མེད་བྱས་པ་དང་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་སྟངས་འགྱུར་ལྡོག་བཏང་བ། མ་རྩ་ནང་འདྲེན་གྱི་གྲུབ་ཆ་ཇེ་ལེགས་སུ་བཏང་བ་སོགས་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།