མཚོ་སྔོན་ཞིང་ཆེན་གཞུང་ཁུངས་ཁེ་ལས་ཏང་ཨུའི་ཧྲུའུ་ཅི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཆིང་ཧྭ་སློབ་ཆེན་དུ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་གཞུང་ཁུངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཙོ་སྒྲུབ་མཛད་པའི་མཚོ་སྔོན་ཞིང་ཆེན་གཞུང་ཁུངས་ཁེ་ལས་ཏང་ཨུའི་ཧྲུའུ་ཅི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཆིང་ཧྭ་སློབ་ཆེན་དུ་སློབ་འགོ་ཚུགས། ཞིང་ཆེན་ཡོངས་ཀྱི་གཞུང་ཁུངས་ཁེ་ལས་18ཀྱི་རིམ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཆེད་དོན་ཧྲུའུ་ཅི་གཞོན་པ་81་དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་གསོ་སྦྱོང་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཁུངས་གཏོགས་ཀྱི་གཞུང་ཁུངས་ཁེ་ལས་དོ་དམ་ལམ་ལུགས་བཅོས་སྒྲིག་བྱས་པའི་རྗེས་སུ། ཞིང་ཆེན་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་གཞུང་ཁུངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གཉིས་ཀྱིས་ཐོག་མར་མཉམ་འབྲེལ་བྱས་ཏེ་སྤེལ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་ཡིན་ལ། དེས་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་དང་ཞིང་ཆེན་གཞུང་ཁུངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཞིང་ཆེན་ཁུངས་གཏོགས་ཀྱི་གཞུང་ཁུངས་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་མཐོང་ཆེན་བྱེད་པ་མཚོན་ཡོད། ཐེངས་འདིས་གསོ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་ཡོང་བ་དམིགས་སུ་བཟུང་ནས་ཞིང་ཆེན་ཁུངས་གཏོགས་ཀྱི་གཞུང་ཁུངས་ཁེ་ལས་ཀྱིས་ནན་ཏན་སྒོས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལག་བསྟར་བྱེད་རྒྱུར་སྣེ་ཁྲིད་བྱས་ཏེ། ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་འགོ་ཁྲིད་ནུས་པ་དང་དཔུང་ཁག་བྱང་ཚད་མཐོར་འདེགས་གཏོང་དགོས། འདི་ཡང་རང་ཞིང་གིས་ཞིང་ཆེན་ཁུངས་གཏོགས་ཀྱི་གཞུང་ཁུངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་རྩ་འཛུགས་བྱས་ནས་ཅིང་ཧྭ་སློབ་ཆེན་ཏུ་བསྡུས་པའི་ཆེད་དོན་གསོ་སྦྱོང་ཐོག་མ་ཡིན།  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།