རྨ་ཆུའི་མགོ་ཁུངས་ལ་བརྒྱུས་པའི་བརྩེ་སེམས་དྲོན་མོ།

res01_attpic_brief.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ང་རང་ས་སྐྱེས་རྡོ་སྐྱེས་ཀྱི་མང་ཚོགས་ཤིག་ཡིན་པའི་ཆ་ནས། རྨ་ཆུའི་མགོ་ཁུངས་ལ་བདག་སྐྱོང་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན”ཞེས་པ་འདི་ནི་ད་ལོར་ལོ17ལ་སླེབས་པའི་རྨ་སྟོད་རྫོང་གི་སྐྱེ་ཁམས་བདག་སྐྱོང་པ་བཀྲ་ལྷས་བཤད་པའི་སྐད་ཆ་རེད།

res07_attpic_brief.jpg

སྟོན་ཟླ་དགུ་པར་མཚོན་ན་རྨ་ཆུའི་རྒྱུན་དུ་ཆགས་པའི་ཙོང་ཁའི་རི་རྒྱུད་ཀྱི་ག་ས་གང་དུ་སྔོ་ལྗང་ལྗང་དུ་གནས་ཡོད་རུང་། རྨ་ཆུའི་མགོ་ཁུངས་སུ་གྲགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཁ་ཆར་འདྲེས་མ་འབབ་བཞིན་ཡོད་པས་གྲང་ངར་ཧ་ཅང་ཆེ། རི་མགོ་ཁ་བས་གཡོགས་ཤིང་རྩྭ་དང་རྩི་ཤིང་སེར་པོར་གྱུར་ནས། གོམ་པ་སྤོས་པའི་ཚེ་ན་རྣ་ལ་སྙན་པོ་མིན་པའི་ཧྲག་སྒྲ་ཞིག་གིས་སྐྱིད་སྣང་གི་ཚོར་བ་གཞི་ནས་བཅོམ་འགྲོ། ཡིན་ཡང་། ས་དེ་རུ་ལོ་བཅུ་དྲུག་ནས་ལྔ་བཅུའི་མན་གྱི་སྐྱེ་ཁམས་བདག་སྐྱོང་པ3042ལྷག་གིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་ཏེ། གཙང་གསུམ་མགོ་ཡུལ་གྱི་རྨ་སྟོད་རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.91ལྷག་ཡོད་པའི་ས་ཆ་རུ། དུས་བཞིའི་གྲང་ངར་ལ་མ་འཛེམས་པར་ལོ་ནས་ལོ་མཐུད་དེ་ང་ཚོའི་མ་ཡུམ་ཆུ་བོའི་མགོ་ཁུངས་ལ་བདག་སྐྱོང་བྱེད་བཞིན་ཡོད། 

res10_attpic_brief.jpg

res13_attpic_brief.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།