མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས་9ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚོགས་འདུའི་ཐོག་རང་ཞིང་གི“སྤྱོད་ཁང་བཅོས་སྒྱུར”བྱ་བ་དང་དམངས་གཉེར་སློབ་གསོའི་བྱ་བ། ལག་རྩལ་སློབ་གྲྭའི་སློབ་མ་མང་དུ་བསྡུ་བ་སོགས་ལ་ཉན་ཞིབ་བྱེད་པ་རེད། ཚོགས་འདུའི་ཐོག“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་རྗེས་སུ་བཏོན་པའི་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། རྨང་གཞིའི་མཐོ་རིམ་སློབ་གསོའི་སྐོར་གྱི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞིང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ལས་ཀའི་སྤྱི་བསྡོམས་ལམ་ལུགས་མཐའ་འཁྱོངས་བྱེད་པ། ལས་དོན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ལས་ཀའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་སློབ་གསོ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་སློབ་གསོ་ཡག་པོ་གཉེར་དགོས་ཞེས་བསྟན།“སྤྱོད་ཁང་བཅོས་སྒྱུར”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སློབ་གསོའི་ཁོངས་གཏོགས་ཀྱི་འབྲེལ་ཡོད་སློབ་གྲྭའི་བྱ་སྤྱོད་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར་ཁྱོན་ཡོངས་ནས་བསམ་གཞིག་བྱས་ཏེ་སྤྱི་འདོམས་ལག་བསྟར་དང་། དམ་འཛིན་ལྷོད་མེད། རྒྱུན་མཐུད་འཐུས་ཚང་བཅས་བྱས་ཏེ་རང་ཞིང་གི་སློབ་གསོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།