མཚོ་སྔོན་པོའི་སྐོར་རྒྱུག་འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས་ཀྱི་མིང་གཞུང་ནང་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས་ཀྱི་མིང་གཞུང་ནང་ཚུད་པའི་མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དེ་རྣམ་གྲངས་ནང་ཚུད་པ་ཁག་དང་པོར་གྱུར་ཡོད། རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས་བཙུགས་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཅུང་ལེགས་པའི་ཁྱད་ཆོས་ལྡན་པའི་ལུས་རྩལ་ཐོན་ལས་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་ཡོད། འདི་ནི་གསར་འགོད་པས་ཟླ་10ཚེས་10ཉིན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོ་ནས་བཟུང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་རིམ་ཁག་སོ་སོའི་ལུས་རྩལ་སྡེ་ཚན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞིའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མིག་སྔར་ཆུས་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གཙོ་བོར་བྱས་པའི་དཔེ་སྟོན་རྟེན་གཞི45ལ་མིང་བཏགས་པ་དང་། ལུས་རྩལ་ཁེ་ལས་དང་བྱ་གཞག་ཚན་པ་གཙོ་བོར་བྱས་པའི་དཔེ་སྟོན་ཚན་པ73གཏན་འཁེལ་བྱས། ལུས་རྩལ་འགྲན་བསྡུར་བྱེད་སྒོ་གཙོ་བོ་ཡིན་པའི་དཔེ་སྟོན་རྣམ་གྲངས53གཏན་འཁེལ་བྱས་པ་དེ་དག་འགྲན་བསྡུར་འཁྲབ་སྟོན་དང་། ལུས་སྦྱོང་། སྤྲོ་གསེང་། ལུས་རྩལ་ཡུལ་སྐོར་མཉམ་འདྲེས། ལུས་རྩལ་ཞབས་ཞུ་ཁང་། མཁོ་རྫས་བཟོ་སྐྲུན། སྨྱན་སྦྱོར་ཚན་རྩལ་སོགས་ཐོན་ལས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། 2019ལོའི་ཟླ4བར་རྒྱལ་ཁབ་ཀྱིས“རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས”53བཙུགས་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།