ལིས་ཅེ་ཞང་གིས་ཟི་ལིང་དང་དཔའ་ལུང་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དུ་སོང་ནས། རྫོང་དེ་གའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། དེ་མིན་ད་དུང་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་དང་ལས་གཞིའི་དངུལ་གཏོང་ཡོངས་འགྲུབ་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་རྨང་རྐང་བརྟན་པོའི་ངང་སྤེལ་བར་སྟོབས་ཤུགས་གཅིག་བསྡུས་བྱེད་རྒྱུ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལ་དམིགས་གཏད་དེ་དབུལ་ཐར་མཁྲེགས་གཏོར་དང་དཔལ་འབྱོར་འཁོར་རྒྱུག ལས་གཞིའི་དངུལ་གཏོང་བཅས་ཀྱི་ལས་དོན་དམ་པོར་འཛིན་དགོས་ཟེར།

ལིས་ཅེ་ཞང་སྔ་གཞུག་ཏུ་དཔའ་ལུང་རྫོང་གི་རྩ་པ་གྲོང་བརྡལ་དང་ཚའི་མགུར་གྲོང་བརྡལ་དུ་སོང་ནས་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་དང་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་དང་། དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ་དང་། སྡེ་བའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་ཞིབ་ལྟ་བྱས་པར་མ་ཟད། འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དམ་པོར་འཛིན་དགོས་པའི་ཐད་བླང་བྱ་བཏོན། ཁོས་ནན་གྱིས་བསྟན་དོན། གནད་འགག་གྲངས་ཉུང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་རིམ་པ་སོ་སོའི་ཧྲུའུ་ཅིས་སྣེ་ཁྲིད་དེ་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་ཁེབས་པར་བྱེད་དགོས་ལ། ཏང་ཡོན་ཡོངས་ཀྱིས་ཏང་ལ་བློ་དཀར་བའི་ཚད་སྔར་ལས་ཇེ་མཐོར་བཏང་ནས། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་རང་རྟོགས་རང་བཞིན་མངོན་དུ་འགྱུར་བར་བྱེད་དགོས། ལས་སྒྲུབ་ལས་སྐྲུན་གྱི་ཁག་ཁུར་འདུ་ཤེས་འབུར་དུ་ཐོན་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཅས་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་འོས་འགན་གཙོ་བོར་བརྩིས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྗོད་དོན་སློབ་གསོ་སྤེལ་ས་གཙོ་བོར་བཟུང་ནས། དམངས་ལ་དོན་བཟང་བསྒྲུབ་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ། ས་གནས་མང་ཚོགས་ལ་ཕན་འབྲས་གསར་བ་ཐོབ་པའི་བདེ་སྣང་སྟེར་ཐུབ་དགོས་ཟེར།

ལིས་ཅེ་ཞང་གིས་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་དང་ལས་གཞིའི་དངུལ་གཏོང་བྱ་བར་རྟོག་ཞིབ་བྱས་ནས། རིམ་པ་སོ་སོའི་ལས་བྱེད་པ་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་དང་ཁ་གཏད་སྲིད་ཇུས་ལ་ཞིབ་འཇུག་བྱས། ཁོས་བསྟན་དོན། ལམ་ལུགས་ཀྱི་དགེ་མཚན་དང་ཏང་ཡོན་ལས་བྱེད་པའི་རང་རྟོགས་རང་འགུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་དམ་པོའི་སྒོ་ནས་དཀའ་ངལ་ཅི་ཡོད་ལ་གདོང་གཏད་དེ། དཔལ་འབྱོར་བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་འབྱུང་བ་མངོན་དུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།