རྫ་སྟོད་རྫོང་གིས་སྡེ་ཁུལ་ཚོ་ཆུང་གི་ཚོགས་གཙོ་ཆེད་དོན་ཡིན་པའི་རིག་རྩལ་བྱ་འགུལ་སྤེལ།

微信图片_20191011100427.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་10ཚེས་10ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་ཚོགས་སྒྲིག་རྣམ་པའི་ཞབས་ཞུ་དོ་དམ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་དང་། རྫ་སྟོད་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུ་ཞིག་ཏུ་བསྐྱོད་རྒྱུར་དམིགས་ཏེ། “ཀྲུང་གོ་གསར་པར་བསྟོད་དུས་རབས་གསར་པར་བསྐྱོད་”ཅེས་པ་བརྗོད་དོན་བྱས་ཏེ་སྡེ་ཁུལ་ཚོ་ཆུང་གི་ཚོགས་གཙོ་ཆེད་དོན་ཡིན་པའི་རིག་རྩལ་བྱ་འགུལ་སྤེལ།

ཐེངས་འདིའི་སྡེ་ཁུལ་ཚོ་ཆུང་གི་ཚོགས་གཙོ་ཆེད་དོན་ཡིན་པའི་རིག་རྩལ་བྱ་འགུལ་གྱིས་སྲོལ་རྒྱུན་གྱི་གཞུང་ལུགས་རྐྱང་པ་བཤད་པའི་རྣམ་པ་བསྒྱུར་ཏེ། གར་ཆུང་དང་གར་སྟེགས་ཟློས་གར། ཞབས་བྲོ། གླུ་གཞས་མཉམ་གཏོང་ཆེན་མོ་སོགས་རིགས་ཕུན་སུམ་ཚོགས་ཤིང་རྣམ་པ་གོ་སླ་བའི་སྒོ་ནས། “ཆེས་ལེགས་པའི་སྐྱེ་ཁམས་དོ་དམ་པ་དང་དམངས་འཚོ་ཞབས་ཞུ་པ། སྲིད་ཇུས་སྒྲོག་འགྲེལ་པ།  འདུམ་འགྲིག་པ། ཆ་འཕྲིན་འཚོལ་སྡུད་པ། དམངས་ཀྱི་གསར་གཏོད་སྐུལ་སྤེལ་པ་”བཅས་ཀྱི་ཚོ་ཆུང་ཚོགས་གཙོའི་འགན་འཁྲི་དང་། དེ་མིན་ཁྱིམ་ཚང་གི་འཕྲོད་བསྟེན་དང་སློབ་གསོ། འབྱོར་བ་སྒྲུབ་པའི་འདུ་ཤེས་སོགས་རྫ་སྟོད་འཕེལ་རྒྱས་ཀྱི་དངོས་ཡོད་“ཞན་ཆའི་”གནད་དོན་དེ་དག་རོང་འབྲོག་པ་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོ་ལྡན་པའི་རིག་རྩལ་བྱ་འགུལ་ནང་འདྲེས་སུ་བཅུག་པས། “མིག་གིས་མཐོང་བ་”དང་“དྲན་པར་ཞུགས་ལ།” དེ་ནས་“སེམས་ལ་འབབ་པའི་”དྲིལ་བསྒྲགས་ཀྱིས་བྱ་བའི་སྣེ་ཁྲིད་པར་བྱས་སོ། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།