མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་མཛེས་རིས་མཛེས་རྩལ་འགྲེམ་སྟོན་སྐབས་དང་པོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པའི་ཉིན་གསུམ་རིང་གི་“སྣག་སྣུམ་གྱི་དྲི་ཞིམ་རབ་ཏུ་འཐུལ། འབྱོར་འབྲིང་སྤྱི་ཚོགས་མཉམ་དུ་སྐྲུན། ”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་མཛེས་རིས་མཛེས་རྩལ་འགྲེམ་སྟོན་སྐབས་དང་པོ་སྤེལ།

ཐེངས་འདིའི་མཛེས་རིས་འགྲེམ་སྟོན་གྱི་ལྟ་གོན་ནས་བརྩམས་ཆོས་བསྡུ་རུབ་བྱེད་པའི་གོ་རིམ་ཧྲིལ་བོར་ཟླ་གསུམ་ལྷག་འགོར་ཞིང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་མཛེས་རིས་དང་མཛེས་རྩལ་ལ་དགའ་མོས་ཡོད་པའི་དབང་བོ་སྐྱོན་ཅན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཏེ་རྣམ་པ་མི་འདྲ་བའི་མཛེས་རིས་བརྩམས་ཆོས190ལྷག་འབྱོར། ཆེད་མཁས་པ་དག་གིས་གདམ་གསེས་བྱས་པ་བརྒྱུད།མཐར་མཛེས་རིས་དང་མཛེས་རྩལ་ལ་དགའ་མོས་ཡོད་པའི་དབང་བོ་སྐྱོན་ཅན་48གྱི་བརྩམས་ཆོས100འགྲེམ་སྟོན་དུ་བཀྲམ། དེ་དག་གི་ཁྲོད་དུ་མཛེས་རིས་ཡིག་གཟུགས་རི་མོ28དང་། ཀྲུང་གོའི་ཁྱད་ཆོས་ཅན་གྱི་རི་མོ20། མཛེས་རྩལ་བརྩམས་ཆོས52་བཅས་ཡོད་ལ། དེ་དག་གིས་རང་ཞིང་གི་མཛེས་རིས་དང་མཛེས་རྩལ་ལ་དགའ་མོས་ཡོད་པའི་དབང་བོ་སྐྱོན་ཅན་དག་གི་ཆེས་མཐོ་བའི་བྱང་ཚད་མཚོན་ཡོད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།