ཀྲུང་དབྱང་གྲངས་བསྒྱུར་བརྙན་འཕྲིན་ཡིག་རིས་འཁོར་ལམ་གྱིས་མཚོ་སྔོན་ལུང་མདོ་ནས་བྲིས་གཟུགས་འགྲེམ་སྟོན་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས9ཉིན་ནས་ཚེས16ཉིན་བར་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་དབྱང་གྲངས་བསྒྱུར་བརྙན་འཕྲིན་ཡིག་རིས་འཁོར་ལམ་བཅས་ཀྱིས་གཙོ་སྒྲུབ་གནང་བའི“ཀྲུང་དབྱང་གྲངས་བསྒྱུར་བརྙན་འཕྲིན་བྲིས་རིས་འཁོར་ལམ་ཚོན་རྫའི་ཕ་ས་མཚོ་ཤར་དུ་བསྐྱོད་པ”ཞེས་པ་དེས་དེང་རབས་ཡིག་གཟུགས་རྩོམ་པ་པོ་གྲགས་ཅན་དག་གི་བརྩམས་ཆོས་འགྲེམས་སྟོན་དེ། ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ཡུལ་ལུང་མདོ་ས་ཁུལ་དུ་གཟབ་འཕྱོར་ངང་འགྲེམས་སྟོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཡིག་གཟུགས་མཁས་པ་མང་པོ་ཞིག་མཚོ་ཤར་ས་ཁུལ་དུ་འདུས་ནས། རིགས་སོ་སོའི་མི་དམངས་ལ་སྤུས་ཚད་མཐོ་ཞིང་ཁྱད་ཆོས་སྣ་མང་ཅན་གྱི་རིག་གནས་ཀྱི་གསོལ་སྟོན་ཞིག་བཤམས་པ་མཚོན།

མཚོ་ཤར་གྲོང་ཁྱེར་ནི་ཙོང་ཆུའི་རིག་གནས་ཀྱི་སྲོག་ཤིང་ས་ཁུལ་ཡིན་ལ། ལུང་མདོ་ས་ཁུལ་ལ་མཚོ་སྔོན་ཞིང་ཆེན་གྱི“རིག་གནས་ཀྱི་རྫོང”ཞེས་པའི་མཚན་སྙན་ཡོད། ལུང་མདོ་ནི2012ལོའི་ཟླ6པའི་ནང་གསར་འཛུགས་བྱས་པ་དང་སའི་རྒྱ་ཁྱོན་ལ་སྤྱི་ཆིངས4.4ཡོད། ཡིག་གཟུགས་རྡོ་བརྐོས518གྱིས་མཚོ་སྔོན་ཙོང་ཁའི་རྡོ་རིང་ནགས་ཚལ་གྲུབ་འདུག 2013ལོའི་ཟླ3པར་ལུང་མདོ་ས་ཁུལ་དེ་ཀྲུང་གོའི་ཡིག་གཟུགས་མཁན་མཐུན་ཚོགས་ཀྱིས“ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ས”ཞེས་པའི་མིང་བསྩལ་ནས། རྒྱལ་ཡོངས་ཀྱི“ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ས”ཨང65པ་རུ་གྱུར་བ་དང་མཚོ་སྔོན་གྱི“ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ས”གཅིག་པུ་ཡང་ཡིན།

ཐེངས་འདིའི་བརྩམས་ཆོས་འགྲེམས་སྟོན་ལ་མི་སྣ་མིང་གྲགས་ཅན་ལིག་ཝུན་ཞི་དང་དབྱང་ཞའོ་ཡཱང་། ཞ་ཁྲའོ། ཉི་མ་ཚེ་རིང་། པོ་ཅོན་ཡེས་སོགས་རྒྱལ་ཡོངས་ཀྱི་ཡིག་ཚགས་མཁན་པོ་དག་གི་བརྩམས་ཆོས150ལྷག་འགྲེམས་སྟོན་བྱས། འགྲེམས་སྟོན་ཟབ་ཞུགས་ཀྱི་སྒྱུ་རྩལ་པ་དེ་དག་ནི་དུས་རབས་སྔོན་མའི་ལོ་རབས40པ་ནས་ལོ་རབས70པའི་ནང་སྐྱེས་པ་རེད། དེ་དང་ཆབས་ཅིག་ཡིག་གཟུགས་མཁན་དེ་དག་གིས་སེམས་པ་དབུལ་ཕོངས་ས་ཁུལ་དུ་སྦྲེལ་ནས་བློ་གཅིག་སེམས་གཅིག་གིས་མཛེས་སྡུག་ལྡན་པའི་ཡིག་གཟུགས་བརྩམས་ཆོས་མང་པོ་ཞིག་གསར་རྩོམ་གནང་ནས་ལུང་མདོ་ས་ཁུལ་ཧྲིག་ལི་གྲོང་རྡལ་ཚང་ལེན་སྡེ་བའི་ཡུལ་མི་གཉེན་ཉེ་དག་ལ་ཕུལ་ཏེ། རྒྱ་ཆེའི་སྒྱུ་རྩལ་པ་དག་གིས་དམངས་ལ་བཅངས་པའི་རྣམ་དག་བརྩེ་སེམས་དེ་དག་མངོན་པར་བཅུག་ཡོད།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཡིག་གཟུགས་འཁོར་ལམ་དེ“ཚོན་མདོག་རྫ་གཡམ་གྱི་ཕ་ཡུལ་མཛེས་སྡུག་གིས་བཟི་བའི་མཚོ་ཤར་དུ་བསྐྱོད་པ”ཞེས་པའི་རིམ་བསྟར་བྱ་འགུལ་ཁྲོད་ཀྱི་ཀྲུང་གོའི་ཡིག་གཟུགས་མཁན་གྱི་བརྩམས་ཆོས་འགྲེམས་སྟོན་ཡིན་ལ། དེ་ནི་ཡིག་གཟུགས་མཁན་དག་གིས་མཚོ་ཤར་དུ་བླངས་པའི་གྲུབ་འབྲས་འགྲེམས་སྟོན་ཐེངས་ཤིག་ཀྱང་ཡིན། དེའི་མི་ཚད་མཚོ་ཤར་གྲོང་ཁྱེར་ཡིག་གཟུགས་དགའ་མོས་མཁན་གྱིས་བར་ཐག་མེད་པའི་སྒོ་ནས་དེང་རབས་ཡིག་གཟུགས་མཁན་གྱི་བརྩམས་ཆོས་ལ་རོལ་མྱོང་བྱས་པའི་སྔར་མེད་གོ་སྐབས་ཐེངས་ཤིག་ཀྱང་ཡིན་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།