མཚོ་ལྷོས་བྱེད་ཐབས་གང་མང་སྤྱད་ནས་ཏང་ཨུ་ཧྲུའུ་ཅུའི་ཏང་སྐྱོང་ནུས་པ་མཐོར་བཏགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་གྱིས་རྫོང་རེ་སྡེ་ཁག་རེ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅུ་གཙོ་བོར་བཟུང་ནས། དྲི་བ་བླངས་ཏེ་བརྟག་དཔྱད་དང་གཏམ་བཤད་སྤེལ་བ། ཡུལ་དངོས་འགྲེལ་བཤད། འགོ་ཁྲིད་ཀྱི་དཔྱད་བརྗོད་སོགས་ཀྱི་རྣམ་པའི་བྱེད་སྟངས་སྤྱད་དེ། ཟླ་རེར“གཞི་རིམ་ཏང་ཨུའི་ཧྲུའུ་ཅུས་ཏང་འཛུགས་སྐོར་གླེང་བའི་”བྱེད་སྒོ་ཐེངས་རེ་སྤེལ་བ་རྒྱུན་བསྐྱངས།

ཐེངས་རེའི་གྲོས་ཞིབ་འཛིན་གྲྭའི་སྐབས་སུ་གཞི་རིམ་ཏང་ཨུ་ཧྲུའུ་ཅུ་གཅིག་རེ་བདམས་ཏེ། “ལོ་གསུམ་རིང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་འགུལ་སྐྱོད་”དང་“ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་ཅན་ཏང་རྩ་འཛུགས་ཀྱི་འཚོ་བ་ཚད་གཞི་ཅན་”གྱི་བྱ་བའི་སྐུལ་འདེད་ལ་དམིགས་ཤིང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་རྟོག་ལྡོག་སྐྱེལ་གནད་དོན་ལེགས་བཅོས་སོགས་ཀྱི་བྱ་བར་དམ་པོར་སྦྲེལ་བ་དང་། “ལས་འགན་ཆུང་ངུ་”ལ་དམིགས་ནས་དཔྱད་གཞི་ངོས་འཛིན་རྩིས་ལེན་དང་གཞི་རིམ་དུ་ཟབ་འཇུག་བྱེད་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅུ་དང་ངོ་ཐུག་གླེང་མོལ་དང་། སྤྱིར་བཏང་ཏང་ཡོན་དང་སྙིང་གཏམ་བཤད་པ། མང་ཚོགས་དང་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་གནད་དོན་འཚོལ་བ་དང་། བསམ་འཆར་བསྡུ་ལེན། ཐབས་ཇུས་གཏན་འབེབས་སོགས་བྱས་པར་མ་ཟད། བརྗོད་གཞི་སྤེལ་རེས་ལ་གྲོས་ཞིབ་བྱས་ཏེ་ཕན་ཚུན་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས།

ཐེངས་རེའི་ཏང་འཛུགས་གྲོས་ཞིབ་ཁྲོད། རྫོང་ཨུ་ཧྲུའུ་ཅུ་སོ་སོ་དང་ཁུལ་དང་རྫོང་ཨུ་རྩ་འཛུགས་པུའུ་ཡི་འགོ་ཁྲིད་གཙོ་བོ་ཚོགས་ར་སོ་སོར་དངོས་སུ་ཕེབས་པ་དང་། གནད་དོན་ལ་ཁ་ཕྱོགས་པ་རྒྱུན་འཁྱོང་བྱས་ཏེ་དཔྱད་བརྗོད་བསམ་འཆར་བཏོན། ཏང་འཛུགས་སྐོར་གླེང་བའི་བྱེད་སྒོ་སྤེལ་བ་བརྒྱུད་ནས་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅུས་མ་ལག་རང་བཞིན་གྱི་སློབ་སྦྱོང་དང་བསམ་གཞིག་གཏིང་ཟབ། རང་འགན་གཙང་སྒྲུབ། ལག་བསྟར་གཙིགས་འཛིན་བཅས་ཀྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་སྤེལ་དང་། “ལོ་གསུམ་རིང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་འགུལ་སྐྱོད་”ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།