མཚོ་སྔོན་གྱི་ཞིང་འབྲོག་ས་ཁུལ་གྱི་དབུལ་ཕོངས་མི་སྣའི་ནད་ཆེན་ཆེད་བཅོས་ནད་རིགས་30བར་འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་8་ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་འབྲོག་ས་ཁུལ་གྱི་ནད་པའི་ཁུར་བོ་སྔར་བས་ཇེ་ཡང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ས་ཁུལ་གྱི་དབུལ་ཕོངས་མི་སྣའི་ནད་ཆེན་ཆེད་བཅོས་ནད་རིགས་30བར་འཕར་ནས་ཞིང་འབྲོག་ས་ཁུལ་གྱི་དབུལ་ཕོངས་མི་སྣའི་དབུལ་ཐར་གོམ་འགྲོས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བྱས།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་དོན་དང་སྨན་བཅོས་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ནད་ཆེན་ཆེད་བཅོས་ནད་རིགས་ལ་ནད་ཐོག་འགྲོ་ལམ་ལ་དོ་དམ་དང་སྨན་བཅོས་འགྲོ་སོང་ལ་ཚོད་འཛིན་བྱས་པ་དང་ཆབས་གཅིག་རྨང་གཞིའི་སྨན་འགན་དང་ནད་ཆེན་འགན་སྲུང་། སྨན་གསོའི་རོགས་སྐྱོབ་སོགས་ལམ་ལུགས་དུ་མའི་འབྲེལ་མཐུད་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཆེས་མཐོ་བའི་སྒོ་ནས་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགྲོ་སོང་གི་ཁུར་བོ་ཇེ་ཡང་དུ་བཏང་། དེར་མ་ཟད་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་གྲོང་སྡོད་ལས་བྱེད་པའི་“གན་རྒྱ་གཉིས”འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནད་ཆེན་ཆེད་བཅོས་བྱ་བའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། ནད་ཆེན་ནད་པས་ཧུར་ཐག་སྒོས་སྨན་བཅོས་བྱེད་པའི་རང་འགུལ་རང་བཞིན་མཐོར་འདེགས་གཏོང་དགོས།

ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་ལྗིད་མོའི་རིགས་30ཡི་ནད་པ་མི་17910ཡོད་ལ། དེ་ལས་མི་17807ལ་ནད་བཅོས་ཐོབ། ནད་ཆེན་ནད་བཅོས་ཐོབ་པའི་བསྡུར་ཚད་99.42%ཡིན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།