མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9བའི་ཚེས་27ཉིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གཏོང་ཆེད། གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་སླར་ཡང་བཀོད་སྒྲིག་བྱས།

ད་ལོ་ནས་བཟུང་། མཚོ་སྔོན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབད་བརྩོན་དང་མཉམ་འཛིན་སྤྱི་སྒྲུབ། ཧུར་ཐག་སྒོས་ལས་གཞིའི་མ་དངུལ་བརྩོན་ལེན་བྱད་པ་བརྒྱུད། ཟི་ལིང་དང་མཚོ་ལྷོ། རྨ་ལྷོ་སོགས་ས་ཁུལ་དང་ཆ་འཕྲིན་བཀོད་འདོམས་དང་འཕྲིན་གཏོང་མ་ལག་སོགས་མེ་འགོག་འཛུགས་སྐྲུན་ལས་གཞི་དོན་འཁྱོལ་ཡོང་བར་བསྡོམས་པས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་1.3བཏང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ནུས་ཤུགས་ཇེ་ཆེར་བཏང་ནས་ཞིང་ཆེན་ཡོངས་ཀྱི་འཕྲིན་གཏོང་དང་བརྡ་འཕྲིན། བརྙན་རིས་ལྟ་རྟོག་སོགས་མ་ལག་འཛུགས་སྐྲུན་ལེགས་བཅོས་བྱས་ཤིང་། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་གྱི་ཕྱོགས་བསྡུས་སྔོན་འགོག་ནུས་པ་མཐོར་འདེགས་བཏང་ཡོད།

ཚོགས་འདུས་རིམ་པ་སོ་སོའི་ནགས་ལས་རྩྭ་ཐང་སྡེ་ཁག་གིས་བསམ་བློའི་སྟེང་ནས་ནགས་ཚལ་རྩྭ་ཐང་གི་མེ་འགོག་བྱ་བར་མཐོང་ཆེན་བྱས་ནས་ནུས་ཤུགས་ཡོད་དགུས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ལེགས་པོར་སྒྲུབ་དགོས་པ་དང་། རིམ་པ་སོ་སོའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དུ་སྔར་ཡོད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འགན་འཁྲིའི་མ་ལག་སྲ་བརྟན་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་ནན་ཏན་སྒོས་ནགས་ཚལ་མེ་འགོག་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་དུས་ཐོག་ཏུ་སྤྱི་ཚོགས་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚད་རིམ་དང་བྱ་བའི་གནས་ཚུལ་སོགས་བསྒྲགས་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་སློབ་གསོ་ཁྱིམ་ཚང་དང་སློབ་གྲྭ ལས་ཁུངས། ཁེ་ལས། ཞིང་འབྲོག་ས་ཁུལ་དུ་སྐྱོད་པའི་བྱ་འགུལ་གཏིང་ཟབ་ངང་སྤེལ་བ་དང་། ནགས་ཁུལ་དང་རི་ཁུལ་དུ་བསྐྱོད་པའི་མི་སྣ་གཙོ་བོར་བཟུང་ནས་དྲིལ་བསྒྲགས་བྱེད་དགོས། རྣམ་པ་མང་བ་དང་ཐབས་ལམ་མང་བོའི་སྒོ་ནས་མེ་འགོག་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་སྒྲིག་ཁྲིམས་དྲིལ་བསྒྲགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འདུ་ཤེས་སྔར་བས་མཐོར་འདེགས་གཏོང་དགོས། སྔོན་ནས་ཇུས་འགོད་བྱེད་པ་སྟེ་ཆེད་ལས་ཅན་གྱི་མེ་གསོད་རུ་ཁག་དང་མང་ཚོགས་མེ་གསོད་རུ་ཁག་གི་དོ་དམ་དང་རུ་མིའི་གསོ་སྦྱོང་ལ་ཤུགས་བསྣན་ནས། ཆུ་ཚོད24ཡི་ལས་རེས་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། མེ་ཤོར་ན་ངེས་པར་དུ་སྙན་ཞུ་བྱེད་པ་དང་མེའི་གནས་ཚུལ་གྱི་བརྡ་འཕྲིན་ཤར་བགྲོད་ཡོང་བར་ཁག་ཐག་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།