ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མུར་ཉིན་འགའི་རིང་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་ཀོ་ཧྭ། ཉིི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཝུའུ་ཧེ་ཁོན། ལིག་ཐུང་ཏི། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཝང་ཞོན། ཏུའུ་ཏི་ཀྲི ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ་བཅས་ཀྱིས་སོ་སོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་དཔང་རྟགས་ཐོབ་མཁན་གྱི་ཧིག་ཏི་ཧྭ་དང་ཨན་ཡུས་ཧེ། ཐེན་ཞའོ་ཧུང་། ལའོ་ཏི་ལ། ཀྲང་ནའེ་ཀྲི་སོགས་ལ་དངོས་བཅར་འཚམས་འདྲི་བྱས་པ་ལས་གཞན། སྔོན་ཐོན་དཔེ་ལེགས་ཅན་ཀྲང་ཞའོ་དང་ཝང་ཁྲང་ཞང་། ཝང་ཡུས་ཅུན་སོགས་ལའང་འཚམས་འདྲི་བྱས།
རྡོ་རྗེ་རབ་བརྟན་གྱིས་དངོས་བཅར་འཚམས་འདྲིའི་ཁྲོད་བསྟན་དོན། རྗེས་དྲན་དཔང་རྟགས་ཀྱིས་ལོ་རྒན་བདུན་ཅུའི་མཚར་སྡུག་ལྡན་པའི་བཞུད་ལམ་གཅིག་བསྡུས་བྱས་ཡོད་ཅིང་། དེས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་དུས་སྐབས་སོ་སོས་ཏང་དང་རྒྱལ་ཁབ། མི་རིགས་བཅས་ཀྱི་ཆེད་དུ་བྱས་རྗེས་བླ་མེད་བཞག་པར་ཁས་ལེན་ཡང་དག་བྱས་ཡོད། ཚང་མས་འབྱུང་གཞིའི་བདེ་ཐང་ལ་བདག་གཅེས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ཀྲུང་གོ་གསར་པའི་འཕོ་འགྱུར་ཆེན་པོ་དང་དུས་རབས་གསར་པའི་མཛེས་སྡུག་གི་མདུན་ལྗོངས་སྐོར་མཉམ་གླེང་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་འགོ་ཁྲིད་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་དང་བསྟུན་ནས་སྔོན་ཐོན་དཔེ་ལེགས་ཅན་ལ་དངོས་བཅར་འཚམས་འདྲི་བྱས།