ལིག་ཉིང་གིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ཉིན་ལས་རེས་མི་སྣར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར། རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་བདེ་སྲུང་ཁྲུའུ་སོགས་ཀྱི་སྡེ་ཁག་དུ་མའི་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད། ལས་ཁུངས་དེ་དག་གི་རྒྱལ་སྟོན་དུས་ཆེན་གྱི་ལས་རེས་མི་སྣར་འཚམས་འདྲི་དང་དུས་ཆེན་ལ་སྨོན་འདུན་ཞུས། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་འཚམས་འདྲི་བྱེད་རོགས་བྱས།

ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་ནས་ཤེས་ནུས་ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་འདུ་གནས་གཙོ་བོའི་བརྙན་རིས་ལ་བལྟས་ནས་ལས་བཟོ་བ་རྣམས་དང་ལག་འཇུ་བྱས་ཏེ་ཁ་བརྡ་བྱས་ནས། རྒྱལ་སྟོན་དུས་སྐབས་ཀྱི་མི་སྣ་བཀོད་སྒྲིག་དང་ཆ་འཕྲིན་སྐྱེལ་གཏོང་སོགས་ཀྱི་གནས་ཚུལ་འདྲི་རྟོག་ཞིབ་མོ་བྱས། ལིག་ཉིང་གིས་བཤད་རྒྱུར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་ནི། ད་ལོའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་ཆེན་པོ་ཞིག་ཡིན་པས། ད་ལོའི་རྒྱལ་སྟོན་དུས་སྐབས་ཀྱི་ལས་རེས་བྱ་བའི་འོས་འགན་ཧ་ཅང་ལྕི། རང་རྟོགས་སྒོས་རྒྱལ་སྟོན་དུས་ཆེན་གྱི་སྤྱི་ཚོགས་གནས་སྟངས་ལ་གོ་བ་མ་ནོར་བ་བླངས་ནས། རྒྱལ་སྟོན་དུས་སྐབས་ཀྱི་སྤྱི་ཚོགས་བདེ་འཇགས་དང་བརྟན་འཇགས། འཆམ་མཐུན་བཅས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།