ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་ཆེད་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་འགན་འཁྲི་གཙོ་བོར་བཟུང་ནས་དམ་འཛིན་ལེགས་པོ་བྱེད་དགོས་ལ། ངེས་པ་དོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་གྱི་བསམ་བློ་དང་བྱ་སྤྱོད་གཉིས་ཚོགས་འདུའི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་ལ་གོ་བ་ཟབ་མོ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། འགན་འཁྲི་ཁག་ཁུར་སྲ་སྒྱུར་དང་བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ། ཧུར་ཐག་གིས་སྲིད་གྲོས་དེ་ཏང་གིས་བྱ་བ་སོ་སོར་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པའི་གཡུལ་ས་གལ་ཆེན་དུ་བྱེད་པ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་དང་མཐུན་སྒྲིལ་སློབ་གསོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྟེགས་བུ་གལ་ཆེན་ལ་སྣེ་ཁྲིད་བྱེད་པ། ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞིའི་སྟེང་འགལ་བ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱེད་པའི་བྱེད་ཐབས་གལ་ཆེན་དུ་འཛུགས་སྐྲུན་བྱེད་དགོས། མི་དམངས་སྲིད་གྲོས་བྱ་བའི་ཆབ་སྲིད་འགན་སྲུང་ལ་གོ་བ་ཟབ་མོ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། ཏང་གིས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་སོ་སོ་འཐུས་ཚང་དང་དངོས་འབེབས་བྱས་ཏེ་ཁྱོན་ཡོངས་ནས་སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་ཟེར།
རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་སྒོ་ནས་དེང་སྐབས་ཀྱི་བྱ་བ་ཡོངས་འགྲུབ་བྱེད་པའི་སྟེང་མངོན་པར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ད་ལོའི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱེད་དགོས་ལ། སྔ་མོ་ནས་སང་ལོའི་གྲོས་མོལ་གྲོས་དོན་གཙོ་བོ་བསྡུ་རུབ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་ལམ་ལུགས་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་གིས་གྲོས་མོལ་གྱི་བརྗོད་གཞི་འདེམས་པ་དང་གྲོས་མོལ་བྱེད་སྟངས། ལས་འགན་བསྒྲུབ་པའི་སྤུས་ཚད་སྟེང་ཤུགས་སྣོན་གསར་བ་དང་མཐོར་འདེགས་གསར་བ་ཡོད་པར་བྱེད་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པའི་ཚོགས་འདུར་གྲ་སྒྲིག་གང་ལེགས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་ཞབས་ཞུའི་དོ་དམ་སྲ་སྒྱུར་བྱེད་དགོས། གཞི་རིམ་སྲིད་གྲོས་བྱ་བའི་མཛུབ་ཁྲིད་སྲ་སྒྱུར་བྱེད་པ་དང་ཧུར་ཐག་གིས་གོང་འོག་མཉམ་འགུལ་དང་སྤྱི་ཡོངས་མཐུན་སྦྱོར། དགེ་མཚན་གསབ་རེས། གྲུབ་འབྲས་མཉམ་སྤྱོད་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་ཁྱོན་ཡོངས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བྱེད་པར་སྐུལ་འདེད་བྱེད་དགོས་ཟེར།
ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་དང་ཏུའུ་ཅའེ། ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་གི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་ཆེད་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།