ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནི་རང་རྒྱལ་གྱི་ཐེངས་དྲུག་པའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་ཉིན་མོ་ཡིན། ཉིན་དེའི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་རྣམས་ཀྱིས། ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་རིགས་སོ་སོའི་འཐུས་མི་དང་ལྷན་དུ་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་གླིང་དུ་སོང་ནས། གསར་བརྗེ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ཐང་ཆེན་ནས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་བྱ་འགུལ་གཟབ་རྒྱས་སྤེལ།
ཝང་ཅན་ཅུན་དྲན་གསོའི་རྡོ་རིང་མདུན་དུ་སོང་ནས། མེ་ཏོག་གི་ཕྲེང་རྒྱན་ལ་གཟིགས་ནས་དར་སྐུད་ལེགས་སྒྲིག་ཞིབ་ཚགས་བྱས་རྗེས། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཞིབ་གཟིགས་དང་གུས་འདུད་ཞུས།
ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་བློ་མཐུན་དང་ཞིང་ཆེན་ལྟེ་གནས་ཀྱི་མི་དམངས་ཚོགས་པའི་འགན་ཁུར་བ། གསར་བརྗེ་སྔོན་གཤེགས་དཔའ་བོའི་ཁྱིམ་མི། འཐབ་མོ་བ་རྒན་པ། སློབ་གྲྭའི་དགེ་སློབ། མི་རིགས་སོ་སོའི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས། བཅིངས་འགྲོལ་དམག དྲག་ཆས་དཔོན་དམག་སོགས་འཐུས་མི་ལྔ་བརྒྱ་ལྷ་གིས་སྔོན་གཤེགས་དཔའ་བོ་རྣམས་ལ་གུས་འདུད་བླ་མེད་ཞུས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཡིས་མེ་ཏོག་གི་ཕྲེང་རྒྱན་འབུལ་བའི་བྱེད་སྒོར་འགོ་འཛིན་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་གྱིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་བྱ་འགུལ་གཟབ་རྒྱས་སྤེལ།