ཞིང་ཆེན་ཏང་ཨུས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9བའི་ཚེས་29ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་རྒྱུན་ཨུའི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གསར་བརྗེའི་དྲན་གསོའི་གནས་སུ་གཟིགས་ཞིབ་གནང་བ་དང་ཧོ་ནན་དུ་བརྗོད་དོན་གཙོ་བོའི་སློབ་གསོར་རྟོག་ཞིབ་གནང་བ་དང་འབྲེལ་བརྗོད་དོན་གཙོ་བོའི་སློབ་གསོར་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ཀྲུང་དབྱང་གི་བརྗོད་བྱ་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དགོངས་དོན་དང་ཀྲུང་དབྱང་གི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་དང་པོས་རང་ཞིང་གི་བརྗོད་བྱ་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བསམ་འཆར་རགས་ཙམ་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་གསན་པ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་ཚུན། ས་གནས་ཁག་དང་ཚན་པ་ཁག་གི་ཏང་ཨུ(ཏང་ཙུའུ)ས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་དོན་ཁག་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁག་གཉིས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུའི་ཐད་ནན་བཤད་གནང་བའི“དོ་སྣང་བཞིའི”བླང་བྱ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་བྱེད་སྟངས་དང་བྱེད་ཐབས་སློབ་སྦྱོང་ནན་ཏན་བྱེད་པ། “ནན་ཞིང་ཞིབ་ཚགས་པའི”སྤྱོད་ཚུལ་ལ་བརྟེན་ནས་འཐབ་ས་དང་པོར་གནས་ཚུལ་དངོས་ཤེས་རྟོགས་དང་ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་བྱེད་དགོས། སྨྱན་སྦྱོར་གསར་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་བྱེད་ཐབས་སྤྱད་དེ་ཁ་གསལ་གོ་བདེའི་སྒོ་ནས་དྲིལ་བསྒྲགས་སྒྲོག་འགྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་ཟུག་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་“ལེགས་བཅོས་”ཞེས་པའི་ཡིག་འབྲུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཆེད་དམིགས་དག་ཐེར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་དང་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་ཁག་གཉིས་པར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།