ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་ནི། གྲོང་གསེབ་བསྐྱར་དར་འཐབ་ཇུས་ལག་བསྟར་བྱེད་པའི་འོས་འགན་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་དོན་དང་འབྲེལ་བ་ངེས་ཅན་ཡོད་པར་མ་ཟད། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་བདེ་སྐྱིད་དང་སྤྱི་ཚོགས་དཔལ་ཡོན་འཆམ་མཐུན་ཡོང་མིན་དང་ཐད་ཀར་འབྲེལ་བ་ཡོད་པས་ན། རིམ་པ་སོ་སོའི་སྡེ་ཁག་གིས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོད་རྒྱུ་དང་། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། ཡུལ་བབ་དང་བསྟུན་ནས་གོམ་པ་རེ་རེ་བཞིན་སྐུལ་འདེད་གཏོང་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་གང་ཡོད་ལ་སྐུལ་སློང་དང་ཐོན་ཁུངས་སྣ་མང་ལེགས་སྒྲིག་བྱས་ནས། ལས་རིམ་ཁག་སོ་སོའི་བྱེད་ཕྱོགས་སྟོབས་ལྡན་དུ་བསྒྱུར་དགོས་པ་ལས་གཞན། རོང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་དང་འབྲེལ་བའི་ཞན་ཆ་དུས་ལྟར་གསབ་ནས། གྲོང་གསེབ་བསྐྱར་དར་གྱི་འཐབ་ཇུས་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས་ཟེར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས།