ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9བའི་ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་70ལོན་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར་70ལོན་པའི་མཚོ་སྔོན་མི་རིགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་མཛད་ཅིང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐོང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞིན་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཆེན་རྒྱལ་དང་། སངས་རྒྱས། ལི་ཡུས་ལན། མཱ་ཅིན་ཞིའོ། ཧན་ཡུས་ཀུའི་སོགས་བློ་མཐུན་རྒན་པ་དག་ཀྱང་ཚོགས་འདུར་གདན་ཞུ་བྱས་ཡོད།
ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་རྟགས་ཚོགས་འདུའི་ཐོག་གནང་བའི་གཏམ་བཤད་ཀྱི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཤིང་། ཚོགས་ཞུགས་ཀྱི་འབྲེལ་ཡོད་བློ་མཐུན་དག་གིས་རང་གི་མྱོང་བར་གཞིགས་ནས་མཚོ་སྔོན་གྱི་མི་རིགས་བྱ་བར་ཕྱིར་དྲན་དང་རྒྱང་ལྟ་བྱས། ཚོགས་འདུས་བསྟན་དོན། མཚོ་སྔོན་ནི་རྒྱལ་ཡོངས་མི་རིགས་བྱ་བའི་ཞིང་ཆེན་ཆེན་པོ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་སྣ་མང་གཅིག་འདུས་དང་མཐུན་སྒྲིལ་གཅིག་སྦྲེལ་གྱི་བམ་གཟིགས་ཡིན། ལོ་འཁོར་70རིང་ཏང་གི་བརྟན་རླིང་དབུ་ཁྲིད་འོག མཚོ་སྔོན་གྱི་མི་རིགས་བྱ་བ་འོད་སྟོང་ལྡན་པའི་ལམ་ཆེན་དུ་བསྐྱོད་དེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་གཞལ་དུ་མེད་པའི་ཉམས་མྱོང་བསགས་ནས་གསར་གཏོད་འཕེལ་རྒྱས་ཀྱི་ལོ་རྒྱུས་དུས་རིམ་གསར་བར་སླེབས་ཡོད།
ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་རྟགས་ཚོགས་འདུའི་ཐོག་གནང་བའི་གཏམ་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏོང་དགོས་ལ། ཐོག་མཐའ་ཀུན་དུ་ཏང་གི་དབུ་ཁྲིད་ཀྱི་རྩ་བ་ཡོ་གཟུར་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་སོ་སོ་ཕན་ཚུན་འདྲ་མཉམ་ཡིན་ལ་ཀུན་གྱིས་དབང་བདག་བྱེད་ཆོག་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ནི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ཡིན་པ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྟ་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་མི་རིགས་ལས་དོན་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་འཆམ་མཐུན་མཉམ་གནས་དང་། འདྲ་སྙོམས་སྤྱི་ཕན། མཐུན་སྒྲིལ་གོང་འཕེལ་འགྲོ་བར་སྣེ་ཁྲིད་བྱས་ནས། ཐུན་མོང་ཐོག་མཚོ་སྔོན་གྱི་མི་རིགས་བྱ་བའི་ལེའུ་གསར་བ་འགོ་རྩོམ་དགོས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་70ལོན་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར་70ལོན་པའི་མཚོ་སྔོན་མི་རིགས་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།