ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་9བའི་ཚེས་27ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ལས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོགས་པ་665དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་812ལ་བྱ་དགའ་བསྩལ། དེའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཚོགས་པ་23དང་མི་སྒེར་28ཚུད་ཡོད།
མཚོ་སྔོན་གྱི་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོགས་པའི་”བྱ་དགའ་ཐོབ་མཁན་དག་ནི། ཀྲུང་གུང་སྟོང་སྐོར་རྫོང་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཧེ་སྲང་ལམ་གྱི་དོན་གཅོད་ཁང་། ཀྲུང་གུང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཨུ་ཡོན་ལྷན་ཁང་། མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཤིན་ཨར་བོད་རིགས་ཤང་མི་དམངས་སྲིད་གཞུང་། ཀྲུང་གུང་ན་གོར་མོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ཀྲུང་གུང་གཏེར་ལེན་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཏུའུ་ལེན་རྫོང་ཤང་སྡེ་གྲོང་རྡལ་ཨུ་ཡོན་ལྷན་ཁང་། ཀྲུང་གུང་གུང་ཧོ་རྫོང་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཞེན་ཧེ་རྫོང་ཨུ་ཡོན་ལྷན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་། ཀྲུང་གུང་ཆི་ལེན་རྫོང་ཨུ་ཡོན་ལྷན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཧེ་ཡན་རྫོང་ཅིན་ཐན་ཤང་གདོང་མདའ་གྲོང་ཚོ་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཡུལ་ཤུལ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གུང་པད་མ་རྫོང་ཨུ་ཡོན་ལྷན་ཁང་། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་རྨ་ཆུའི་ལྷོ་ལམ་གཞིས་ཁུལ་གྲོང་མིའི་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཨུ་ཡོན་ལྷན་ཁང་། ཐུན་རིན་རྫོང་རོང་བོ་གྲོང་རྡལ་ན་གཞོན་སྲང་ལམ་གཞིས་ཁུལ་གྲོང་མིའི་ཨུ་ཡོན་ལྷན་ཁང་། ཟི་ལིང་གྲོང་ཁྱེར་ཏུང་ཀོན་ཧུའེ་རིགས་བུད་མེད་སློབ་ཆུང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་མཁར་གྲོང་སློབ་གྲྭ། ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་ལེན་ཀུང་སི། མཚོ་སྔོན་ཞིང་ཆེན་ཀྲིན་ཕིང་ལམ་ཟམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་བཅས་རེད།
མཚོ་སྔོན་གྱི་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་”གྱི་བྱ་དགའ་ཐོབ་མཁན་དག་ནི། ལུའུ་གོ་ཆིན།(ཧོར་རིགས།) ཝང་ཧུའེ། ལི་ཕའེ་ཏུང་།(བོད་རིགས།) ཧན་ཞིན་པིན།(ས་ལར་རིགས།) མཱ་ཁྲོང་ཧོ།(ཧུའེ་རིགས།) ལིག་ཞོས་ལིན། ཞུའུ་ཞན་ཅོན།(བོད་རིགས།) ཚེ་རིང་།(བོད་རིགས།) ཡུས་ཡུན་མཱའེ། གྲགས་པ།(བོད་རིགས།) ཀླུ་རྒྱལ་དགྲ་འདུལ།(བོད་རིགས།) ཁྲིན་ཞང་། ཀུན་བཟང་ལྷ་སྐྱིད།(བོད་རིགས།) འཛོམས་སྐྱིད་ཚེ།(བོད་རིགས།) ལིག་ཡུང་ཅོན། ཆོས་སྐུ།(བོད་རིགས།) འཕགས་པ།(བོད་རིགས།) མཱ་ཞང་ཁྲིན།(ས་ལར་རིགས།) དཔའ་རིས་མཚོ།(བོད་རིགས།) དགྲ་ལྷ།(བོད་རིགས།) ཞུའུ་ཙོང་ཅོན།(བོད་རིགས།) མཁན་པོ་རྡོ་རྗེ།(བོད་རིགས།) ཚེ་ཕྱུག(བོད་རིགས།) ཝང་ཞོས་ལིས།(ཧུའེ་རིགས།) ཁྲིན་ཡུས་ལེང་། ཚེ་རིང་སྐྱིད།(སོག་རིགས།) ཧྲི་ཅུ་ཡོན་བཅས་རེད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་གྱི་ཚོགས་པ་23དང་མི་སྒེར་28ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ལས་བྱ་དགའ་ཐོབ།