«གཅན་ཚའི་སློབ་གསོ»འདོན་ཐེངས་གཉིས་པའི་རྩོམ་བསྡུ་བརྡ་ཐོ།

WechatIMG414.jpeg

ཏང་གི་སློབ་གསོའི་སྲིད་ཇུས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་དང་། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་ཡང་དག  སློབ་ཁང་སློབ་ཁྲིད་ཀྱི་ཐབས་ལམ་གསར་བསྒྱུར། སློབ་གྲྭའི་བདག་གཉེར་གྱི་དོ་དམ་ཚད་ལྡན། སློབ་གསོའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཆགས་པ་བཅས་ལ་དམིགས་ཏེ།   གཅན་ཚ་རྫོང་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ་དང་སློབ་གསོ་ཞིབ་འཇུག་ཁང་གིས་འགན་སྒྲུབ་གནང་པའི«གཅན་ཚའི་སློབ་གསོ»2019ལོའི་ལོ་སྨད་དེབ་འདོན་འཆར་ཡོད་པས། རང་རྫོང་གཙོ་བྱས་པའི་བོད་ཁམས་ཡོངས་ཀྱི་སློབ་གསོའི་ལས་རྐང་སྟེང་གི་དགེ་རྒན་དང་། སློབ་གསོའི་ལས་དོན་ལ་སེམས་ཁུར་དང་དོ་སྣང་བྱེད་མཁན་གྱི་རྩོམ་མཁན་དག་གིས་རང་ཉིད་ཀྱི་བྱ་བའི་ཉམས་མྱོང་དང་སྦྱར་ཏེ་བྲིས་ཡོད་པའི་སློབ་གསོ་སློབ་ཁྲིད་ཐད་ཀྱི་ཞིབ་འཇུག་དཔྱད་རྩོམ་དང་། སློབ་ཁང་སློབ་ཁྲིད་ཀྱི་གནད་དོན་ལ་སྤྱི་བཤད་དང་བམ་བཤད་མ་ཡིན་པར་བྱེ་བྲག་གིས་དཔྱད་པ་བཏང་བའི་རྩོམ་ཡིག སློབ་གསོ་དོ་དམ་གྱི་མྱོང་རྩོམ།  སློབ་གསོ་མི་སྣ་གྲགས་ཅན་ལ་བཅར་འདྲི་བྱས་པའི་ཟིན་བྲིས།  སློབ་ཚན་གྱི་ཁྲིད་ཡིག  སློབ་ཚན་དཔྱད་བརྗོད།  སློབ་གསོའི་བརྟག་དཔྱད་སྙན་ཞུ། སློབ་གསོའི་སྲོལ་རྒྱུན་ལེགས་བཤད།  སློབ་གསོ་ཆེད་མཁས་པ་དང་གྲགས་རྩོམ་འོས་སྦྱོར། ས་གནས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་སོགས་ཡོད་ཚེ་འདི་ག་རྩོམ་སྒྲིག་ཁང་དུ་སྐུར་དང་།  སློབ་གསོའི་བྱེ་བྲག་གི་གནས་བབ་དངོས་དང་མཐུན་ཚེ་དུས་དེབ་ཏུ་དགོད་ངེས་པ་མ་ཟད། དཔར་ཟིན་པའི་དུས་དེབ་དང་འོས་འཚམ་ཀྱི་རྩོམ་ཡོན་དུས་ལྟར་རྩོམ་མཁན་གྱི་ཕྱག་ཏུ་དབུལ་ངེས།  གཞན་རྩོམ་ཡིག་བསྐུར་དུས་ཀྱི་མཉམ་འཇོག་བྱེད་ས་དང་དགོས་ངེས་ཀྱི་རེ་བ་ཁག་གཤམ་གསལ་ལྟར།

1 རྩོམ་མཁན་གྱི་དངོས་མིང་དང་ས་གནས།  ཁ་པར་ཨང་གྲངས།  རྩོམ་གྱི་ཁ་བྱང་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་ཏེ་བསྐུར་དགོས། 

2 རྩོམ་ཡིག་ལ་ནང་དོན་གནད་བསྡུས་དང་། གནད་ཚིག  ལུང་ཁུངས། རྩོམ་མཁན་གྱི་ལས་ཁུངས་བཅས་གསལ་བོར་ཡོད་རྒྱུ། 

3 རྩོམ་ཡིག་བསྐུར་ཡུལ་ནི། ཡིག་ཟམ495254286@qq.comདང1121312012@qq.comབརྒྱུད་དེ་བསྐུར་ནའང་ཆོག  འབྲེལ་གཏུགས་ཁ་པར། 18097036663   13639738206 

4 ལོ་ཕྱེད་དེབ་འདི་ལོ་སྨད་ཀྱི་ཟླ12པའི་ཚེས15ཉིན་པར་བསྐྲུན་བྱ་རྒྱུ་ཡིན་པས།རྩོམ་མཁན་དག་གིས་ཟླ11པའི་ཚེས15ཡི་ཡར་སྔོན་དུ་ཧི་མ་ལ་ཡའི་ཡིག་ཟུགས་་ཀྱི་ལམ་ནས་འདི་ག་རྩོམ་སྒྲིག་ཁང་ལ་བསྐུར་རྒྱུ་གལ།

5 རྩོམ་ཡིག་གི་དག་ཆ་དང་ནང་དོན་ལ་རྩོམ་མཁན་རང་ཉིད་ཀྱིས་འགན་ཁུར་དགོས་པ་མ་ཟད།  ངེས་པར་དུས་དེབ་དང་འཕྲིན་སྟེགས་སྟེང་དུ་བཀོད་མ་མྱོང་བའི་གསར་རྩོམ་ཡིན་དགོས།

6 དུས་རབས་གསར་བའི་སློབ་གསོའི་ཁ་ཕྱོགས་དང་མཐུན་པ། །ཆབ་སྲིད་ཀྱི་དགོངས་དོན་དང་འགལ་མེད་པ་བཅས་ཡིན་དགོས།     

 «གཅན་ཚའི་སློབ་གསོ»རྩོམ་སྒྲིག་ཁང་ནས།

                                          2019ལོའི་ཟླ9ཚེས21ཉིན། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།