རྒྱལ་སྟོན་དུས་ཆེན་སྐབས་མཚོ་སྔོན་ཚྭ་མཚོའི་ལྗོངས་ཁུལ་གྱིས་པ་སེའི་གོང་ཕྱེད་ཀར་གཅོག་རྒྱུ་རེད།

1.jpg

ཚྭ་མཚོའི་མཛེས་ལྗོངས།

2.jpg

ཚྭ་མཚོའི་མཛེས་ལྗོངས།

3.jpg

ཚྭ་མཚོའི་མཛེས་ལྗོངས།

4.jpg

ཚྭ་མཚོའི་མཛེས་ལྗོངས།

5.jpg

ཚྭ་མཚོའི་མཛེས་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ནུབ་རྒྱུད་གཏེར་ལས་ཚོགས་པ་མཚོ་སྔོན་ཚྭ་མཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ10བའི་ཚེས1ནས3ཉིན་བར་མཚོ་སྔོན་ཚྭ་མཚོའི་ལྗོངས་ཁུལ་གྱིས་པ་སེ་རིན་གོང་ཕྱེད་ཀར་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་དམངས་ཕན་ལག་རྟགས་ཆེན་པོ་འདོན་རྒྱུ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཟླ10བའི་ཚེས1ཉིན་ནས་ཚེས3ཉིན་བར་ཚྭ་མཚོའི་སྒོ་འཛིན་པ་སེ་རིན་གོང་མི་རེར་སྒོར60ནས་མི་རེར་སྒོར30གཟིགས་སྐྱོང་བྱ་རྒྱུ་དང་། སྔོན་པ་སེ་རིན་གོང་ཕྱེད་ཀ་ཡིན་པའི་མི་ཚོགས་ལ་མི་རེར་སྒོར15ལ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། དུས་མཚུངས་སུ་ལྗོངས་ཁུལ་གྱི་མེ་འཁོར་ཆུང་ཆུང་དང་མཚོ་གྲུའི་ཚོགས་པའི་པ་སེ་རིན་གོང་ཡང་དེ་བསྟུན་གྱི་གཟིགས་སྐྱོང་བྱ་རྒྱུ་རེད།

ཟླ10བའི་ཚེས1ཉིན་ནས་ཚེས3ཉིན་བར་ལྗོངས་ཁུལ་གྱི་པ་སེའི་རིན་གོང་ཕྱེད་ཀར་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ལས་གཞན། ཚྭ་མཚོའི་ལྗོངས་ཁུལ་གྱི་ལས་བྱེད་མི་སྣས་ད་དུང་ཡུལ་སྐོར་བ་དང་མཉམ་དུ་རྒྱལ་གཅེས་གླུ་གཞས་བླངས་ནས་རྒྱལ་སྟོན་དུས་ཆེན་བསུ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།