མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུ་པའི་ལས་རིགས་རྩལ་ནུས་ཀྱི་འགྲན་སྡུར་ཆེན་མོ་སྐབས་དང་པོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་9ཚེས་22ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གཙོ་སྒྲུབ་གནང་བ་དང་། ཞིང་ཆེན་རྒན་གསོ་ཞབས་ཞུ་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བ། མཚོ་སྔོན་ཧུན་ཧྲིན་རྒན་རབས་ལྟ་སྐྱོང་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཕྱུགས་ཟོག་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་གིས་སྒྲུབ་རོགས་བྱས་པའི་“མཚོ་སྔོན་ཞིང་ཆེན་གྱི་2019ལོའི་རྒན་གསོ་ཞབས་ཞུ་པའི་ལས་རིགས་རྩལ་ནུས་ཀྱི་འགྲན་སྡུར་ཆེན་མོ་”བདེ་བླག་ངང་མཇུག་སྒྲིལ་བ་རེད།

འགྲན་ཚོགས་འདི་ནི་མཚོ་སྔོན་གྱིས་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོ་ཞབས་ཞུ་པའི་ལས་རིགས་རྩལ་ནུས་ཀྱི་འགྲན་སྡུར་ཐོག་མ་ཡིན་ཞིང་། གྲོང་ཁྱེར་དང་ཁུལ་8ནས་འགྲན་ཞུགས་རུ་ཁག་12ཀྱི་རྒན་གསོ་ཞབས་ཞུ་པ་43འགྲན་སྡུར་ལ་ཞུགས། ཉིན་གཉིས་རིང་གི་འགྲན་བསྡུར་བརྒྱུད། ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་གླིང་ལ་ཚོགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་ཤར་གྲོང་ཁྱེར་མཚོ་སྔོན་ཧུན་ཧྲིན་རྒན་རབས་ལྟ་སྐྱོང་ཞབས་ཞུ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་། མུའུ་ཁང་ཁམས་གསོ་གླིང་ལ་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ། མཚོ་ཤར་ཕན་བདེ་གླིང་དང་མཚོ་བྱང་ཁུལ་ལས་བདེ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྒན་གསོ་ཞབས་ཞུ་ལྟེ་གནས་བཅས་ལ་ཚོགས་པའི་བྱ་དགའ་ཨང་གསུམ་པ་ཐོབ་པ་བཅས་ཚོགས་པའི་བྱ་དགའ་7བྱུང་བ་དང་། དེ་མིན་མི་སྒེར་ལས་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཞི་བཅས་མི་སྒེར་གྱི་བྱ་དགའ་10བྱུང་ཡོད། འགྲན་སྡུར་ལས་གྲུབ་འབྲས་ཕུལ་བྱུང་ལེན་མཁན་རྣམས་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ། ད་ལོའི་ཟླ་བཅུ་པར་སྤེལ་འཆར་ཡོད་པའི་རྒྱལ་ཡོངས་རྒན་གསོ་ཞབས་ཞུ་པའི་ལས་རིགས་རྩལ་ནུས་ཀྱི་འགྲན་སྡུར་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།