མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་སྡོད་དམངས་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་སྡོད་དམངས་ཀྱི་ལོ་གསུམ་རིང་གི་ཁོར་ཡུག་བཅོས་སྒྲིག་བྱ་འགུལ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཧུར་ཐག་གིས་བྱ་འགུལ་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ཏེ། གྲོང་ཚོའི་གཙང་སྦྲའི་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”བརྟན་ཆགས་ངང་སྐུལ་འདེད་བཏང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། མིག་སྔར། གྲོང་གསེབ་སྡོད་དམངས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་དཔེ་མཚོན་དཔེ་སྟོན་ནས་ཞིང་ཆེན་ཡོངས་ལ་ཁྱབ་གདལ་བཏང་། 

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ248སྐྲུན་འགོ་བཙུགས་ནས་ལས་འགོ་འཛུགས་ཚད83%སླེབས། རིགས་ཁག་གི་འཛུགས་སྐྲུན་རྣམ་གྲངས903བསྡུ་སྒྲིལ་དང་། ཁ་གཏད་རོགས་སྐྲུན་སྐྲུན་ལས་ཁུངས850བཀོད་སྒྲིག་བྱས་ཡོད། རིམ་རྩིས་བྱས་པ་ལྟར་ན། འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར11.7གྲབས་གསོག་བྱས་ཏེ། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”64869ལས་འགོ་བཙུགས་པ་དང་། ལས་འགོ་འཛུགས་ཚད89%སླེབས་པས། གསང་སྤྱོད་ཁང39261བསྐྲུན་ཟིན་ནས། ལས་གཞི་ལེགས་འགྲུབ་བྱུང་ཚད54%སླེབས་ཡོད་པ་རེད། ཞིང་ལས་ཀྱི་མངོན་ལྐོག་གཉིས་ཀྱི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་ནུས་པ་ལྡན་པར་བྱས། གཞི་རྒྱ་ལྡན་པའི་གསོ་སྤེལ་ར་བ300ཡི་སྒྲིག་བཀོད་དང་སྒྲིག་ཆས་ལེགས་སྒྲིག་སྒྱུར་བཀོད་བྱས། རྫོང3གྱིས་རྫོང་ཧྲིལ་པོར་བཙོག་དངོས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ཞིང་། རྫོང22ཀྱིས་ཞིང་ནང་གི་འགྱིག་དངོས་ཚུར་བསྡུ་བཅས་བྱས་པ་རེད། གཙང་སྦྲའི་བྱ་འགུལ་སྤེལ་བ་བརྒྱུད་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་ཁྲི40ལྷག་ཙམ་གཙང་སེལ་བྱས་པ་དང་། གྱང་ཆག་བཤིག་ནས་གང་བྱུང་དུ་འཛུགས་སྐྲུན་བྱས་པ་ཁྲི2ལྷག་ཙམ་གཙང་བཅོས་སྒོས་ཚད་ལྡན་མིན་པའི་གད་སྙིགས་སྤུངས་གནས175བཅོས་སྒྲིག་བྱས་ཤིང་། བཅོས་སྒྲིག་བྱེད་ཚད72.3%ལ་སླེབསནས་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།