མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ལས་རིགས་ཁག་གི་མི་སྣ་དང་ཆེད་མཁས་པའི་བློ་འདོན་སྲིད་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་རིགས་ཁག་གི་མི་སྣ་དང་ཆེད་མཁས་པའི་བློ་འདོན་སྲིད་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་གྱི་ཁྱད་ལྡན་ནུས་ཁུངས་གསར་པར་སྐུལ་འདེད་གཏོང་བ་དང་རྒྱུ་ཆ་གསར་པ་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་བྱེད་ནུས་ས་ཁུལ་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་བཅས་དཀྱིལ་སྙིང་དུ་བཟུང་ནས། འབྲེལ་ཡོད་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་དང་ཆེད་མཁས་པའི་བློ་འདོན་སྲིད་སྐྱོང་བསམ་འཆར་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཚན་རྩལ་ཡར་ཐོན་སྔར་ལས་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་འཕེལ་རྒྱས་འགག་རྩར་སླེབས་པ། འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ། ལག་ལེན་གསར་པར་ཞུགས་པ་བཅས་ལ་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། ལས་རིགས་ཁག་གི་མི་སྣ་དང་ཆེད་མཁས་པ། མཁས་དབང་བཅས་ཀྱི་ཚན་རིག་ཐད་ཀྱི་ཤེས་བྱ་གསོག་འཇོག་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚན་རིག་དང་དམངས་གཙོར་ཁྲིམས་ལྟར་ཐབས་ཇུས་འཐེན་རྒྱུར་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བསྒྱུར་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པར”རྩིས་བཤེར་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་བ”དང་ཐ་ན་དུས་ཡུན་རིང་བོའི་མཚོ་སྔོན་གྱི་འཕེལ་རྒྱས་བྱ་བར་ཇུས་འགོད་ལེགས་པོ་འཐེན་དགོས། མིག་སྔར་གྱི་ཐོབ་ཟིན་པའི་གྲུབ་འབྲས་ཀྱིས་ཡིད་ཚིམ་ནས་མི་འདུག་པར། འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་ནས་བས་མཐའ་ཅན་དུ་དེ་བས་ཀྱང་འགྱུར་མི་རུང་བར། ཐོག་མཐའ་བར་གསུམ་ཀུན་ཏུ་དུས་རབས་དང་མཉམ་བསྐྱོད་མཉམ་འདུག་བྱས་ཏེ། བསམ་བློ་བཅིངས་འགྲོལ་གཏོང་བའི་བློ་སྟོབས་དང་མུ་མཐུད་སློབ་སྦྱོང་བྱེད་པའི་འགན་འཁྲི་རྒྱུན་འཁྱོངས་བྱེད་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་དང་ཆེད་མཁས་པ་རྣམས་ཀྱིས་མཐོང་རྒྱ་ཆེན་པོ་དང་ལངས་ཕྱོགས་གསལ་བའི་སྒོ་ནས་བསམ་འཆར་གང་མང་བཏོན་པ་ནི། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དང་སྐྱེ་མཁས་སྲུང་སྐྱོབ་ཀྱི་འགག་རྩ་ལྟ་བུ་ཡིན་པར་མ་ཟད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དགོངས་པ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ་དང་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་དཔྱོད་དང་ལག་ལེན་ལ་བསྟར་བའི་ཐད་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཟེར།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཡན་ཅིན་ཧེ། ཀྲང་ཀོང་རུང་། ཝང་ལིས་མེན། ཐེན་ཅིན་ཁྲིན། ཏུའུ་ཏི་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།