ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རྨ་ཆུའི་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས21ཉིན་གྱི་ཕྱི་དྲོར།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་དགོངས་དོན་གཏིང་ཟབ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཞིབ་འཇུག་བྱས།  ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ།  རང་འགུལ་གྱིས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་དང་དུ་ལེན་པ་དང་།  རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་ས་ཁུལ་བར་མཐུན་སྦྱོར་མཉམ་ལས་བྱེད་པ་དང་མཉམ་གཅིག་ཏུ་བཅོས་སྐྱོང་ལེགས་པོ་བཅས་བྱས་ནས། རྨ་ཆུ་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཁེ་ལེགས་པོ་བསྐྲུན་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས་པར་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཚོགས་འདུར་ཞུགས།

  ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལོ་ངོ་སྟོང་གི་འཐབ་ཇུས་གལ་ཆེན་མངོན་འགྱུར་བྱེད་པའི་མཐོ་ཚད་སྟེང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་གཙོ་བོ།  སྤྱིའི་བསམ་ཕྱོགས། འཐབ་ཇུས་ལས་འགན་བཅས་ཀྱི་ཐད་འགྲེལ་བཤད་གཏིང་ཟབ་གནང་ཡོད་པ་དང་། ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐོང་ཆེན་གནང་བ་དང་། འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་ཡོད་ལ། དུས་རབས་གསར་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་ཀྱི་གོ་སྐབས་དང་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ནས། ང་ཚོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། འགན་འཁྲི་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་སོགས་ཞིང་ཆེན་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཚད་གཞི་མཐོ་བའི་སྒོ་ནས་ཇུས་འགོད་དང་་ལག་ལེན་མཐར་ཕྱིན་ལ་སྐུལ་འདེད་གཏོང་དགོས་པར་བསྟན། 

ལིག་ཉིང་གིས་མཚོ་སྔོན་ནི་རྨ་ཆུའི་འགོ་ཁུངས་ཡིན་པ་མ་ཟད། བཞུར་རྒྱུད་ས་ཁུལ་ཡང་ཡིན་པས། རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་རྒྱུན་མཐུད་གསར་སྤེལ་བེད་སྤྱོད་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ལྡན། སྔར་ལས་ལྷག་པར་རྨ་ཆུའི་འབབ་རྒྱུད་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལེགས་བཅོས་ཀྱི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་ཟབ་མོ་བྱེད་པ། ཕྲག་ཏུ་བབས་པའི་འགན་འཁྲི་ལ་ཤེས་རྟོགས་ཟབ་མོ་བྱེད་པ་སོགས་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་དགོངས་པར་ལག་ལེན་མཐར་ཕྱིན་བྱས་ཏེ། "ཀྲུང་ཧྭའི་ཆུ་མཛོད"སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱེད་པ་དང་། རྨ་ཆུ་ནི་མི་དམངས་ལ་ཕན་ཁེ་སྐྲུན་པའི་བདེ་སྐྱིད་ཀྱི་གཙང་བོ་ཞིག་ཏུ་གྱུར་བར་འབད་པ་བྱེད་དགོས་པ་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།