མཚོ་སྔོན་གྱིས་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞི་82བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་དཔེ་སྟོན་རྟེན་གཞི་སྐོར་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞི་82བཙུགས་ཡོད་ཅིང་། དེ་དག་ལས་གཙང་གསུམ་ཡུས་ལིས་ཞིང་ལས་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི་དང་མཚོ་ཤར་ལི་ཏུའུ་ས་ཁུལ་ཞིང་ལས་དཔེ་སྟོན་གླིང་གཉིས་མིང་ཐོ་དེའི་ནང་ཚུད་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱི་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞིས “རོང་འབྲོག་པ”ལྟེ་བར་འཛིན་པ་དང་། “ཞིང་ཁ་”སློབ་ཁང་དུ་བགྱིས་ཏེ། རོང་འབྲོག་པ་དང་ཞིང་ཕྱུགས་ལས་ལ་ཉེ་བར་བཅར་བའི་དེང་རབས་ཀྱི་གསོ་སྦྱོང་རྣམ་པ་བེད་སྤྱད་པས། རོང་འབྲོག་པ་དང་ལག་རྩལ། ཚོང་ར། ཆ་འཕྲིན་བཅས་ཀྱི་མཐུན་སྦྲེལ་ལ་སྐུལ་འདེད་བཏང་བ་དང་། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། བདག་གཉེར་འདུ་ཤེས་གསར་པ་བཅས་འགྲེམ་སྟོན་ཀྱི་སྟེགས་བུ་མཁོ་འདོན་གནང་ནས་ཚན་རྩལ་གྲུབ་འབྲས་གང་མྱུར་སྒོས་སྤོ་བསྒྱུར་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་གྱུར་པར་མ་ཟད། འཇོན་མིའི་དཔེ་སྟོན་སྣེ་ཁྲིད་དང་ལག་རྩལ་གསོ་སྦྱོང་ཁྱབ་བརྡལ། ཐོན་ཁུངས་འགྱེད་འཕྲོའི་སྐུལ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ཤེས་གསལ་ལྟར་ན། མིག་སྔར་མཚོ་སྔོན་གྱིས་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞི་82བཙུགས་ཡོད་པ་ལས། རྒྱལ་ཁབ་རིམ་པའི་རྟེན་གཞི་4ཡོད་པ་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་རྟེན་གཞི་10ཡོད། གསོ་སྦྱོང་རྟེན་གཞི་འདི་དག་གྲོང་ཁྱེར་རམ་ཁུལ་7དང་། རྫོང་23ལ་ཁྱབ་ཅིང་། བསྡོམས་པས་ལས་རིགས་གསར་པའི་ཞིང་པ་དངོས་སྦྱོང་དང་གསོ་སྦྱོང་གནང་བ་མི་ཐེངས་ཁྲི་5ལྷག་ལ་བསླེབས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།