མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར།   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མགྱོགས་མྱུར་སྒོས་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་དང་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་བྱས་པ་དང་།   རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་གཞི་རྩའི་སྤྱི་ཐུན་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་ཞིང་སྡེའི་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་པ་དང་།   ཞིང་ས་མཛེས་པ་དང་གྲོང་སྡེ་མཛེས་པ། འཚོ་བ་སྐྱིད་པ།  འཆར་གཞི་སྔོན་ལ་ལག་བསྟར་དང་ལས་གཞིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བའི་རྩ་དོན་ལྟར།    མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ལ་གོ་རིམ་ལྡན་ཞིང་བརྟན་འཇགས་སྒོས་སྐུལ་འདེད་གཏོང་བར་འགན་སྲུང་བྱས།   ད་ལོར་བསྡོམས་པས་མཐོ་སྒང་གི་མཛེས་པའི་ཞང་སྡེ་སོ་གསུམ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད་པ་དང་།  ཟླ་བརྒྱད་པའི་ཟླ་མཇུག་བར་དུ།   བཟོ་སྐྲུན་སོ་གཉིས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་།  བསྡོམས་པས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་ཁྲི་གསུམ་ལྷག་བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་བྱ་བ་བཟང་བོར་བསྒྲུབ་ཆེད།      མཚོ་ལྷོ་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཉིས་སྟོང་བཅུ་དགུ་ལོར་མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་པ་དང་།   ཁུལ་དང་རྫོང་།  ཞང་བཅས་རིམ་པ་གསུམ་གྱི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་མི་སྣ་དང་བྱེད་ཐབས།  འགན་འཁྲི་དོན་འཁྱོལ་བྱས་པ་དང་།    རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་།  རིམ་པ་རེ་རེས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས།   མ་དངུལ་དོན་འཁྱོལ་ཐད་ནས།    ཞིང་ཆེན་ནོར་སྲིད་ཀྱིས་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དགུ་བཀོད་སྒྲིག་བྱས་པ་དང་།   ཁུལ་ནོར་སྲིད་ཀྱིས་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་བཀོད་སྒྲིག་བྱས་ལ།   ཅང་སུའུ་རོགས་འཛུགས་མ་དངུལ་ཁྲོད་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་བཀོད་སྒྲིག་བྱས།     རྫོང་སོ་སོས་ནོར་སྲིད་ཀྱིས་བཀོད་སྒྲིག་མ་དངུལ་གཏོང་བ་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་།  རིགས་སོ་སོའི་ཞིང་ལས་དང་འབྲེལ་བའི་ལས་གཞིའི་མ་དངུལ་གཅིག་གྱུར་ལེགས་སྒྲིག་ཤུགས་ཚད་ཆེ་རུ་བཏང་སྟེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྡེ་དམངས་ཟབ་ཞུགས་བྱེད་པ།   སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་དངུལ་གཏོང་ནང་རྐྱེན་གྲུབ་པར་བྱས་ནས་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ལ་གྲུབ་འབྲས་ངོ་མ་ཐོབ་པར་འགན་སྲུང་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།