མཚོ་སྔོན་གྱིས་“བརྒྱ་གཉིས་”གནད་འཕིགས་དབུལ་སྐྱོར་བསྟུད་མར་སྤེལ་བའི་གྲུབ་འབྲས་ཀྱི་ཡུལ་དངོས་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་9པའི་ཚེས་17ཉིན། མཚོ་སྔོན་ཞིང་ཆེན་གྱིས་“ཁེ་ལས་བརྒྱས་སྡེ་བ་བརྒྱར་རོགས་རམ་དང་ཁེ་ལས་བརྒྱ་སྡེ་བ་བརྒྱར་སྦྲེལ་བའི་”གནད་འཕིགས་དབུལ་སྐྱོར་བསྟུད་མར་སྤེལ་བའི་གྲུབ་འབྲས་ཀྱི་ཡུལ་དངོས་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁཱོང་ཡུང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་།

ཁཱོང་ཡུང་གིས་བསྟན་དོན། ཚོགས་འདུ་འདིའི་དམིགས་ཡུལ་ནི། “བརྒྱ་གཉིས་”འགུལ་སྐྱོད་ཀྱིས་བླངས་པའི་གྲུབ་འབྲས་སྲ་བརྟན་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཞིང་ཆེན་སྲིད་གཞུང་གིས་དབུལ་སྒྲོལ་འགག་གཏོར་གྱི་ཐབས་ཇུས་གལ་ཆེན་དང་བྱ་བ་བཀོད་སྒྲིག་གནང་བ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ལོ་མཇུག་ཏུ་དབུལ་ཕོངས“གཙང་སེལ་”མངོན་འགྱུར་བྱེད་པར་སྐུལ་སྤེལ་བྱེད་པ་དང་། དབུལ་པོར་བསྐྱར་ལོག་དང་དབུལ་པོ་གསར་པ་འབྱུང་བར་བཀག་སྟེ། མུ་མཐུད་དུ་དབུལ་ཐར་འབྱུང་བ་མངོན་འགྱུར་བྱེད་དགོས། 

ཚོགས་འདུའི་ཉིན་དེར། ཚོགས་ཞུགས་མི་སྣ་རྣམས་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་ཤར་ཐང་གྲོང་ཚོ་དང་ཧུའུ་ཀྲུའུ་རྫོང་སུའུ་ལུང་ཀུའུ་གཙགས་དྲུབ་ཚད་ཡོད་ཀུང་ཟི། ཧུའུ་ཀྲུའུ་རྫོང་ཧོར་རིགས་མནའ་སྟོན་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱི་ཡུལ་དངོས་སུ་ཕེབས་ནས་“བརྒྱ་གཉིས་”འགུལ་སྐྱོད་ཀྱི་གྲུབ་འབྲས་ལ་གཟིགས་ཞིབ་མཛད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།