འཛམ་གླིང་རིམ་པའི་དྲག་རྩལ་པས་རྨ་ཆུའི་འགྲམ་དུ་རྒྱལ་ཕམ་ཐག་བཅད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་9ཚེས་18ཉིན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས2019ལོའི་མཚོ་སྔོན་དཔའ་ལུང་སྐབས་བཞི་བའི་རྨ་ཆུའི་རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་གྱི་གཏིང་རྩོད་འགྲན་བསྡུར་བསུས་ཤིང་། ཀྲུང་གོ་དང་། པར་ཙིར། དབྱི་རན། ཐེ་ལན། ཧྥ་རན་སེ། ཕ་ཁི་སི་ཐན། ཨུ་རུ་སུ། ཡུག་རེན་བཅས་རྒྱལ་ཁབ་8ཀྱི་དྲག་རྩལ་པ་24ཡིས་མཛེས་སྡུག་ལྡན་པའི་རྨ་ཆུའི་འགྲམ་དུ་རྒྱལ་ཕམ་ཐག་གཅོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྨ་ཆུའི་རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་ནི་ཉེ་བའི་ལོ་ཤས་རིང་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་བཏོད་པའི་ལུས་རྩལ་འགྲན་བསྡུར་གྱི་སྤུས་རྟགས་ཤིག་ཡིན་པ་དང་། འགྲན་བསྡུར་གྱི་སྤུས་རྟགས་དེ་ནི་རིག་གནས་ལ་བརྩི་མཐོང་དང་དྲག་རྩལ་ལ་བརྩི་མཐོང་བྱེད་པའི་མི་རིགས་གོམས་སྲོལ་གྱི་འགྲེམ་སྟོན་ཞིག་ཡིན་ལ། རྒྱལ་ཁབ་ལུས་རྩལ་གྲོང་རྡལ་ཆུང་བར་རེ་ཞུ་བྱེད་པའི་རྨང་གཞི་ཞིག་ཀྱང་ཡིན། ལུས་རྩལ་འགྲན་བསྡུར་དང་། ཡུལ་སྐོར་རིག་གནས། རྨ་ཆུའི་རིག་གནས་བཅས་ཟུང་འབྲེལ་གང་ལེགས་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད། རྨ་ཆུའི་འགྲམ་དུ་རྒྱལ་ཕམ་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་ནི་མི་རྣམས་དཔའ་ལུང་དུ་སྐྱོད་པ་དང་། དཔའ་ལུང་ལ་ཤེས་རྟོགས་བྱེད་པ། དཔའ་ལུང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་མྱོང་རོལ་བྱེད་པ་བཅས་ཀྱི་གར་སྟེགས་གལ་ཆེན་ཞིག་རེད།

རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་གཉེར་བ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་ཡིད་དབང་བཀུག་པ་མ་ཟད། ཟི་ལིང་གི་དྲག་རྩལ་ལ་དགའ་མཁན་མི་ཉུང་བ་ཞིག་ཀྱང་ཆེད་དུ་འགྲན་བསྡུར་ལ་ལྟ་བར་ཡོང་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།