མཚོ་ནུབ་ཁུལ་གྱིས་ནུས་ཤུགས་གང་ཡོད་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་གྲངས་ཁྲི1714.73ལ་སྣེ་ལེན་ཞུས་ཤིང་། དེ་ནི་ན་ནིང་གི་དུས་མཚུངས་ལས14.88%འཕར་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར99.93ཟིན་པས། དེ་ན་ནིང་གི་དུས་མཚུངས་ལས10.46%འཕར་ཡོད་པ་རེད། ད་ལོ་ནས་བཟུང་མཚོ་ནུབ་ཁུལ་གྱིས་ཡུལ་སྐོར་རྣམ་གྲངས་སྒྲིག་གཞི་ཆ་ཚང་བར་གཏོང་བའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྤུས་རྟགས་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད། ཡུལ་སྐོར་ལས་རིགས་ཀྱི་དོ་དམ་ཚད་ལྡན་ཅན་དུ་གཏོང་བ་སོགས་བརྒྱུད་དེ་ཡུལ་སྐོར་ལས་རིགས་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བཏང་བ་རེད། 

རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་། ཡུལ་སྐོར་གྱི་སྒྲིག་གཞིའི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། 

ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་དང་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་གཙང་བཟོ། ཡུལ་སྐོར་ལས་ཞུགས་མི་སྣའི་གསོ་སྦྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ལས་ཞུགས་མི་སྣའི་ཞབས་ཞུ་ཇེ་མཐོར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཡུལ་སྐོར་ལས་ཞུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོ། ཡུལ་སྐོར་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་སྒོས་ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་བ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།