མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་སོ་བདུན་པ་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀའོ་ཧྭ་དང་ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི་བཅས་གྲོས་ཚོགས་ལ་ཞུགས། ཀའོ་ཧྭས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་རིམ་པ་བཞིནམཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་སྲོལ་ཡིག(འཆར་ཟིན་)》དངམཚོ་སྔོན་ཞིང་ཆེན་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་བཤས་གཏོང་དོ་དམ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་སྲོལ་ཡིག ཟི་ལིང་གྲོང་ཁྱེར་གྱི་ཆུ་འདོན་ཆུ་བཀོལ་སྲོལ་ཡིག་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་སྐོར་གྱི་བྱ་བའི་སྙན་ཞུ་དང་ཆེད་དོན་བློ་འདྲི་ཐད་ཀྱི་འབྲེལ་ཡོད་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི2018ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་དང2018ལོའི་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་གྱི་ཆེད་དོན་སྙན་ཞུ་དང་རྟོག་ཞིབ་སྙན་ཞུ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་རྫོང་ཁོངས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ་དང་རྟོག་ཞིབ་སྙན་ཞུ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་གྲོས་རིམ་སྐོར་གྱི་སྙན་ཞུ་སོགས་ལ་ཉན་པ་མ་ཟད། མི་དོན་བསྐོ་འཐེན་ཇུས་གཞིའི་གྲོས་གཞིར་གྲོས་སྡུར་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།