ཡན་ཅིན་ཧེ་ཡིས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་བཅུ་བདུན་ཉིན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་གནོད་གྲབས་གནོད་སྐྱོབ་དང་སྐབས་བསྟུན་སྲོག་སྐྱོབ་ལྟེ་གནས་སོགས་སུ་ཟབ་ཞུགས་བྱས་ཏེ་བྱ་བར་རྟོག་ཞིབ་བྱས།  ཁོས་ནན་གྱིས་བསྟན་དོན།   ཤུགས་ཆེན་པོས་བརྩེ་སེམས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།

ཡན་ཅིན་ཧེ་ཡིས་བསྟན་དོན།   ཉེ་བའི་ལོ་འགའི་རིང་ལ།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་གྲམ་དམར་པོའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་བྱ་བའི་སྤྱིའི་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།   ཡང་དག་པའི་ཁ་ཕྱོགས་རྒྱུན་འཛིན་དང་རོགས་སྐྱོབ་ནུས་པ་མཐོར་འདེགས་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་།   རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐབས་བསྟུན་རོགས་སྐྱོབ་དང་མི་ཆོས་རོགས་སྐྱོར།   སྤྱི་ཕན་ཐེབས་རྩ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན།   མགོ་རྩོམ་ས་གསར་པའི་སྟེང་འགྲེང་སྟེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།   ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་བློ་གཅིག་སེམས་གཅིག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཧྲིལ་བོར་ཞབས་འདེགས་ཞུ་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།