མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མི་དམངས་སྲིད་གྲོས་ཀྱིས་འགན་ནུས་བསྒྲུབས་པ་དང་འགན་འཁྲི་ལག་བསྟར་བྱས་པ། འོད་སྟོང་འབར་བའི་ལེའུ་བྲིས་པའི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་ལ་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག ་དུས་རབས་གསར་བའི་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་རྒྱུའི་སྐུལ་མ་བཏང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

བཞུགས་མོལ་སྐབས་སུ། ཏུའུ་ཅིན་ཀྲུང་དང་ལིས་ཅུའུ་རིན། ཏོན་ཧྥ་ཏཱ། ལེ་ཆིན་རོས། བདེ་ཆེན་དབང་མོ་སོགས་ཀྱིས་སོ་སོར་ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གཞི་རིམ་སྲིད་གྲོས། ཞིང་ཆེན་སྲིད་གྲོས་ཨུ་ཡོན། བློ་མཐུན་རྒན་པ་བཅས་ཀྱི་ཚབ་བྱས་ནས། སྔ་གཞུག་ཏུ་ཟུར་སྣེ་མི་འདྲ་ས་དང་ཕྱོགས་ངོས་མི་འདྲ་ས་ནས་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་སྐབས་བསྟན་དོན། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ནི་འོད་སྟོང་འབར་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་ལུགས་བཀོད་སྒྲིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གྲོས་དེ་རིགས་སོ་སོ་དང་ལས་རིགས་སོ་སོའི་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་གལ་ཆེན་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ། དམངས་ཚིས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དམངས་གཙོ་དར་སྤེལ་གཏོང་བ་སོགས་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་བརྩོན་སེམས་ཆེ་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་མཉམ་དུ་མདུན་སྐྱོད་བྱས་པ་དང་། བཅོས་བསྒྱུར་བསམ་བློ་དང་གསར་གཏོད་འདུ་ཤེས། དངོས་གཉེར་བྱེད་ཐབས་ལ་བརྟེན་ནས་འགན་སྒྲུབ་ལག་ལེན་ལ་སྐུལ་འདེད་བཏང་ཞིང་། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་ལ། གྲོས་མོལ་དམངས་གཙོ་ལག་ལེན་བྱས་པ་དང་། ཐུན་མོང་ལྟ་བ་གཅིག་ཏུ་བསྒྲིལ་བ་མ་ཟད། མཐུན་སྒྲིལ་མཉམ་ལས་ལ་ཡར་སྐུལ་བྱས་པ་དང་། རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཁག་ཁུར་གསར་བ་དང་སྣང་བརྙན་གསར་བ་མངོན་པར་བྱས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཁོས་འགོ་མཛིན་བྱས་ནས་གཏམ་བཤད་སྐབས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་རྩ་འཛུགས་ཀྱིས་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་བཏོན་ནས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས། བྱ་བ་གསར་གཏོད་བྱེད་པའི་སྟེང་ཤུགས་བཏོན་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་སོགས་ཕྱོགས་ཀྱི་ལམ་ལུགས་མ་ལག་འཚོལ་ཞིབ་འཛུགས་སྐྲུན་བྱེད་དགོས། འགན་སྒྲུབ་ཕན་འབྲས་མཐོར་འདེགས་གཏོང་བའི་སྟེང་ཤུགས་བཏོན་ཏེ། གྲོས་མོལ་སྲིད་གླེང་གི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་སྲིས་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་དྲུང་ཡིག་ཆེན་མོ་ཝང་ཅིན། དྲུང་ཡིག་ཆེན་མོ་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན། བློ་མཐུན་རྒན་པ་སྐོར་ཞིག མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འཐུས་ཚབ་པ་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།