མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་བྱུང་ནས་ཕན་འབྲས་མངོན་གསལ་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིསགཞི་གྲངས་ཆེན་མོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་རྩ་གནདལག་བསྟར་དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མཚོ་སྔོན་གྱི་ཆ་འཕྲིན་ཐོན་ལས་གཅིག་སྡུད་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་གློག་འཕྲིན་གཉེར་སྐྱོང་ཚོང་པས་གནད་སྨིན་འཐུས་ཚང་གི་གློག་རྡུལ་སྲིད་དོན་དང་། ཡུལ་སྐོར། འགྲིམ་འགྲུལ། སློབ་གསོ། ཟོག་འགྲེམས། གློག་རྡུལ་ཚོང་དོན། བཟའ་བཅའི་བདེ་འཇགས། གྲོང་མིའི་ཞབས་ཞུ། ཁེ་ལས་འབྲིང་ཆུང་སོགས་གཞི་གྲངས་ཆེན་མོར་བརྟེན་ནས་ཕྱོགས་བསྡུས་ཐག་གཅོད་ཇུས་གཞིར་བརྟེན་པའི“ལས་རིགས་ཀྱི་སྤྲིན”བཙུགས་པར་གཞུང་ཕྱོགས་དང་ཆེད་ལས་ཅན་གྱི་ཞབས་ཞུའི་ནུས་པ་གལ་ཆེན་ལྡན་ཞིང་། ཞིང་ཆེན་རིམ་པའི་སྲིད་དོན་དང་བཟོ་ལས་སོགས་གཞི་གྲངས་ཆེན་མོའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། ནུས་རྒྱུ་གསར་པའི་གཞི་གྲངས་ཆེན་མོའི་ལས་སྟེགས་དང་མཚོ་བོད་ས་མཐོའི་ཐོན་ལས་སྣོད་བཅུད་གྲུབ་ཆ་དང་དེ་བཞིན་ནད་འབུའི་གནོད་འཚེ་འགོག་བཅོས་ཞིབ་འཇུག་གི་གཞི་གྲངས་ཆེན་མོའི་ལས་སྟེགས་སོགས་མཚོན་བྱེད་རང་བཞིན་གྱི་གཞི་གྲངས་ཆེན་མོ་བཀོལ་སྤྱོད་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

དེ་དང་ཆབས་ཅིག“རྒྱ་བོད་སྐད་གཉིས་ཀྱི་དྲ་སྦྲེལ་ལས་ཞུགས་ཀྱི་གཞི་གྲངས་ཆེན་མོའི་མ་ལག”སོགས་གཞི་གྲངས་ཆེན་མོའི་ཉེར་སྤྱོད་རྣམ་གྲངས་ཁག་གཅིག་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ནང་བཅུག་ཡོད། “ནུས་རྒྱུ་གསར་པའི་ལས་རིགས་ཀྱི་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཚོད་ལྟ”དེ་རྒྱལ་ཁབ་ཀྱི་བཟོ་ལས་དྲ་སྦྲེལ་གསར་གཏོད་བཟོ་འགོད་ཁག་དང་པོའི་ནང་ཚུད་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།