མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རེས་སྐོར་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རེས་སྐོར་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭ་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་འཛིན་གྲྭ་བསྡུས་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་ཀྲི་པུའུ་ཧྲུའུ་ཅིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ཀྲི་པུའུ་བྱ་བའི་སྲོལ་ཡིག་གིས་བསྩལ་བའི་འགན་ནུས་བཟང་བོར་བསྒྲུབ་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྣེ་ཁྲིད་པ་བྱས་ནས། བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོར་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་སྣེ་ཁྲིད་པ་བྱེད་ན། གཅིག་ནས་སློབ་སྦྱོང་སློབ་གསོ་སྤེལ་བའི་རྩ་འཛུགས་པ་བྱེད་དགོས། གཉིས་ནས་སློབ་སྦྱོང་སློབ་གསོའི་ཟུར་ཁྲིད་པ་བྱེད་དགོས། གསུམ་ནས་གནད་དོན་ལ་ལྟ་ཞིབ་བྱེད་པའི་ཐད་ཀྱི་སྤུས་ཚད་ཞིབ་བཤེར་བྱེད་དགོས། བཞི་ནས་དག་ཐེར་ལེགས་བཅོས་ཀྱི་བཀོད་འདོམས་པ་བྱེད་དགོས། ལྔ་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དོན་སྒྲུབ་པ་བྱེད་དགོས། དྲུག་ནས་རྩ་འཛུགས་འཚོ་བ་ལག་བསྟར་པ་བྱེད་དགོས་ཟེར།

ཝང་ཡུས་ཡན་གྱིས་འཛིན་གྲྭ་བསྡུས་འགོ་རྩོམ་པའི་མཛད་སྒོར་འགོ་མཛིན་བྱས། ཁོ་མོས་བསྟན་དོན། ཏང་ཀྲི་པུའུ་རེས་སྐོར་ལ་དམ་འཛིན་བྱེད་རྒྱུ་ནི། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་ཕན་འབྲས་ལེན་པར་ཁག་ཐེག་བྱེད་པའི་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་བྱེད་ཐབས་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཧྲུའུ་ཅི་ཝང་ཅན་ཅུན་གྱི་སློབ་ཁྲིད་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྗོད་དོན་སློབ་གསོ་ཁྲོད་ཀྱི་ཏང་ཀྲི་པུའུ་ཡི་འགན་འཁྲི་གཏན་ཁེལ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་གནད་འགག་ནུས་པར་རྒྱུས་ལོན་ཡང་དག་བྱེད་པ། རེས་སྐོར་བྱ་བར་དམ་འཛིན་བྱས་ཏེ། ཏང་ཀྲི་པུའུ་ཧྲུའུ་ཅིའི་བརྗོད་དོན་སློབ་གསོའི་སྣེ་ཁྲིད་མི་སྣ་བྱེད་པ་དང་། རྒྱ་ཆེའི་ཏང་ཀྲི་པུའུ་ཧྲུའུ་ཅི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོས་བརྗོད་དོན་སློབ་གསོ་ཐད་ཀྱི་འགོ་ཁྲིད་པ་བྱེད་པ། གཞི་རིམ་གྱི་གསར་རྩོམ་སྙིང་སྟོབས་དར་སྤེལ་གཏོང་བ། གསར་གཏོད་བྱེད་ཐབས་ལ་རྒྱུན་མ་ཆད་པར་གསར་གཏོད་བྱེད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་གྱིས་ཁས་ལེན་པ་དང་གཞི་རིམ་མང་ཚོགས་ཡིད་ཚིམ་པའི་གྲུབ་འབྲས་བླངས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ཐད་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།

འཛིན་གྲྭ་བསྡུས་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཝང་ཅན་ཅུན་དང་ཝང་ཡུས་ཡན་གཉིས་ཀྱིས་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་བྱ་བའི་མི་སྣ་ཡོངས་ལ་འཚམས་འདྲི་བྱས་པ་མ་ཟད། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོ་སྤེལ་བའི་བཀོད་སྒྲིག་རེ་བ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཉམས་མྱོང་སྤྱི་སྡོམ་བྱེད་པ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་མཛུབ་སྟོན་བྱེད་དགོས་པའི་རེ་བ་བཏོན། ཁོ་ཚོས་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་སྲུང་འཛིན་བྱེད་པ་དང་། གཟབ་ནན་གྱི་བྱ་བའི་རྣམ་པར་བརྟེན་ནས། མཐུན་སྒྲིལ་དང་འཆམ་མཐུན་གྱི་བྱ་བའི་སྣང་ཚུལ་ཁྲོད་རང་ཉིད་ལ་སྦྱོང་བརྡར་བྱེད་པ་དང་། སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོ་ཐད་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་རྒྱུའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།