མཚོ་ནུབ་ཁུལ་གྱིས་མཁར་གྲོང་གི་སྡོད་ཁུལ་རྙིང་པ་བསྒྱུར་བཀོད་བྱས་ནས་ས་གནས་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་བསྒྱུར་ བཀོད་རིམ་སྤོར་བྱ་རྒྱུ་དེ་ཞན་ཆ་གསབ་པ་དང་བདེ་སྐྱིད་བསྐྲུན་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། སྡོད་ཁུལ་རྙིང་པའི་སྒྲིག་ཆས་ཆ་ཚང་མིན་པ་དང་སྡོད་གནས་ཁོར་ཡུག་ཞན་པ་སོགས་ཀྱི“དཀའ་ངལ་ཆེ་བའི་གནད་དོན”ཐག་གཅོད་ཏན་ཏིག་བྱས་པ་བརྒྱུད་དེ། མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་སྤྱི་པའི་ཞབས་ཞུ་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད། མིག་སྔའི་བར་ཁུལ་ཡོངས་ཀྱིས་སྡོད་ཁུལ་རྙིང་བ་ནས་ཁྱིམ་ཚང་བདུན་སྟོང་དྲུག་བརྒྱ་རེ་བརྒྱད་ཀྱི་སྡོད་ཁང་ལ་ཕྱོགས་བསྡུས་སྒྱུར་བཀོད་བྱས་པ་དེས་ཁྱིམ་ཚང་ཁྲི3ལྷག་ཙམ་ལ་ཕན་པ་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་ཚོར“སྤུས་ལེགས་འཚོ་བ”བསྐྲུན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།