ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་ཆེད། ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐུན་མོང་གི་ལྟ་ཞིབ་བྱ་བའི་ཚོད་ལྟ་བྱེད་ཐབས་དཔར་ནས་བཀྲམ་པ་མ་ཟད། ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་ཀྱི་མཛུབ་སྟོན་བསམ་བློ་དང་ནང་དོན་གཙོ་བོ། ཁོངས་མི། རྩ་འཛུགས་བརྒྱུད་རིམ། གྲུབ་འབྲས་བཀོལ་སྤྱོད། ལས་འགན་བགོ་བཤའ་སོགས་གཏན་ཁེལ་གསལ་བོ་བྱས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པས་དམངས་གཙོ་ལྟ་སྐུལ་འགན་ནུས་ཇེ་དྲག་ཏུ་གཏོང་ཆེད། ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་ལམ་ལུགས་བཙུགས་པ་དང་། གཙོ་བོར་བསམ་འཆར་འདོན་པ་དང་སྐྱོན་བརྗོད་བྱེད་པ། བསམ་ཚུལ་བཤད་པའི་རྣམ་པ་བརྒྱུད་དེ་གྲོས་མོལ་རང་བཞིན་གྱི་ལྟ་སྐུལ་སྤེལ་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན། ལས་གཞི་གལ་ཆེན་འཛུགས་སྐྲུན་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་། 2018ལོ་ནས་བཟུང་། ཞིང་ཆེན་སྲིད་གྲོས་ཀྱིས་སྔ་གཞུག་ཏུ་ཡུལ་གཞན་གནས་སྤོར་དང་གྲོང་ཁྱེར་འཛུགས་སྐྲུན། གཞུང་ལམ་འཛུགས་སྐྲུན་བཟོ་སྐྲུན་ཡུལ་དངོས་ཀྱི་རྡུལ་འགོག་དང་མཚོ་སྔོན་དག་གཙང་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན། ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བ་སོགས་བརྗོད་དོན་ལ་དམིགས་ནས་ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་སྤེལ་ནས། ལོ་གཅིག་ལ་ཐེངས་གཉིས་སྤེལ་བའི་ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་དེ་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་བྱ་འགུལ་གལ་ཆེན་དང་འགན་སྒྲུབ་ཚོང་རྟགས་གལ་ཆེན་དུ་གྱུར། བྱ་བ་ཚད་ལྡན་དུ་བསྒྱུར་བ་དང་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་ཆེད། 2018ལོའི་ཟླ་བདུན་པར། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་སྒྲིག་ལམ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ལམ་ལུགས་རང་བཞིན་གྱི་ཡིག་ཆར་དཔེ་ལྟ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ཏེ། ཡིག་ཆའི་ཐོག་མའི་འཆར་ཟིན་བཀོད། སྔ་གཞུག་ཏུ་ཆེད་དོན་གྲོས་ཚོགས་ཐེངས་གསུམ་ལ་བསྡུས་ནས། བྱེད་ཐབས་ལ་བཟོ་བཅོས་བྱས་པ་དང་འཐུས་ཚང་དུ་བཏང་བ་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བསམ་འཆར་བསྡུ་ལེན་བྱས་རྗེས་གྲོས་ཞིབ་འཆར་ཟིན་གྲུབ་པར་བྱས། སྔ་གཞུག་ཏུ་དྲུང་ཡིག་ཆེན་མོའི་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་སྟེང་གྲོས་ཞིབ་དང་བཟོ་བཅོས་བྱས་རྗེས་གྲོས་འཆམ་བྱུང་།
བྱེད་ཐབས་ནང་ལྟ་ཞིབ་ཀྱི་ངོ་བོ་དང་ནང་དོན་གཙོ་བོ་གཏན་ཁེལ་བྱས་ཡོད་པ་དང་། བྱེད་ཐབས་ནང་ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་མོལ་རང་བཞིན་གྱི་ལྟ་སྐུལ་སྤེལ་བའི་བྱེད་ཐབས་གལ་ཆེན་ཡིན་པས། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བ་གཙོ་བོར་དམིགས་ཏེ། སྲིད་གཞུང་གི་འགན་ནུས་སྡེ་ཁག་དང་གྲོས་མོལ་བརྗེ་རེས་བྱས་ནས་གླེང་གཞི་གཏན་ཁེལ་བྱེད་པ་དང་། ལྟ་ཞིབ་བྱ་བའི་ཐད་ནས་ཁ་གཏད་རང་བཞིན་ལྡན་པར་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་རང་བཞིན་གྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་བྱེད་དགོས་ཞེས་བསྟན་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་ཐུན་མོང་ལྟ་ཞིབ་བྱ་བའི་བྱེད་ཐབས་གཏན་འབེབས་བྱས།