མཚོ་སྔོན་ཞིང་ཆེན་གྱིས་མ་འཇོག་དངོས་ཚན་བཙུགས་ནས་མཚོ་བོད་ས་མཐོའི་འགྲིམ་འགྲུལ་འཛུགས་སྐྱོང་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་དེ་སྔའི་མཚོ་སྔོན་ཞིང་ཆེན་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་སོགས་སྡེ་ཚན་དང་ཚན་པ་བཅུ་བསྡུ་སྒྲིལ་བྱས་ཏེ། ཉེ་ཆར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་ནས་ཞིང་ཆེན་ནང་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་གི་འགན་ཕྱོགས་ཡོངས་ནས་འཁུར་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིས་དེ་སྔའི་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐེབས་རྩ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཞིང་ཆེན་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་སྤྱི་ཁྱབ་ཀུང་སི། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཚན་ཞིབ་རྩད་ཞིབ་ཐིག་ལེན་ཇུས་འགོད་ཁང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་གཱ་གཅིག་ཀུན་འཐུས་ཚད་ཡོད་ཀུང་སི། མཚོ་སྔོན་ས་གནས་ལྕགས་ལམ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སི། མཚོ་སྔོན་འགྲིམ་འགྲུལ་མ་འཇོག་ཚད་ཡོད་ཀུང་སི། མཚོ་སྔོན་འགྲིམ་འགྲུལ་ཞིབ་དཔྱད་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ལས་གྲྭ་ལྟ་ཞིབ་དོ་དམ་ཁྲུའུ། མཚོ་སྔོན་ཞིང་ཆེན་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས། མཚོ་སྔོན་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་སོགས་སྡེ་ཚན་དང་ཚན་པ་བཅུ་མངའ་འོག་ཀུང་སིར་གཅིག་བསྡུས་བྱས་པ་རེད།

“མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ་ནི། མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་གྱི་སྒྲིག་གཞིའི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་ལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་དང་གཉེར་སྐྱོང་དོ་དམ་བྱེད་སྟངས་གསར་པ་གཏོད་པའི་འཕོ་འགྱུར་ཟབ་མོ་ཞིག་ཡིན་པས། ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་དང་། འགྲིམ་འགུལ་སྐྱེལ་འདྲེན་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་རྒྱང་རིང་ལ་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ཁྲིམས་མིའི་འཐུས་ཚབ་ཀྲུའུ་ཤང་ཏུང་གིས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།