ཡུས་ཧྲུའུ་ཡིས་གཞི་རིམ་ལས་བྱེད་པའི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་ཐད་ཤུགས་བསྣན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  འཆམ་མཐུན་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བར་དམིགས་ནས། ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་ལས་བྱེད་པའི་སློབ་གླིང་བེད་སྤྱོད་གང་ལེགས་བྱེད་པ་དང་། པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་ལ་རྒྱབ་རྟེན་ནས། ཁུལ་དང་རྫོང་རིམ་པ་གཉིས་ལ་གཞི་རིམ་ལས་བྱེད་པ་སྟོང་གཅིག་དང་བརྒྱད་བརྒྱ་ལྔ་བཅུ་སྐྱེད་སྲིང་བྱས་པ་མ་ཟད། གཞི་རིམ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ཚན་ཁག་ཁྲོད་བཀོད་སྒྲིག་བྱས་པ་དང་། སྔོན་ཆད་ཀྱི་གཞི་གསུམ་ལས་བྱེད་པའི་སློབ་གླིང་དེ་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གསོ་སྦྱོང་རྟེན་གཞི་རུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན།

བྱ་བའི་ཁྲོད། ཡུས་ཧྲུའུ་ཡིས་རིག་སྟོབས་དབུལ་སྐྱོར་ཐོད་བརྒལ་བྱེད་སར་བྱས་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ནུས་པ་ཡོད་པ། ཁག་ཁུར་བྱེད་ཕོད་པ། བྱ་བ་བསྒྲུབ་ཐུབ་པའི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་ཡོད། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སློབ་གླིང་གིས་ལོ་རེར་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་སུམ་བརྒྱ་དང་ལྔ་བཅུ་བསྡུ་ལེན་བྱས་པ་དང་། ལོ་གཉིས་ཀྱི་ཆེད་སྦྱོང་སློབ་གྲྭ་ཆེན་མོ་བཙུགས་ནས། གཅིག་བསྡུས་སྒོས་སློབ་ཁྲིད་བྱེད་པ་དང་ལག་ལེན་སྦྱོང་བརྡར་བྱེད་པ་ལག་བསྟར་བྱས་པ་མ་ཟད། གཅིག་གྱུར་སྒོས་ཁུལ་ནང་གི་ཆེད་སྦྱོང་སློབ་གཉེར་རྒྱུད་རིམ་གྱི་མཇུག་སྒྲིལ་འཛིན་ཡིག་བྱིན། ལོ་རེར་པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་ཁྲོད་ནས་ས་ཡ་ལྔ་བླངས་ནས། གྲོང་ཁྱེར་དང་རྫོང་སོ་སོར་སྒོར་འབུམ་ལྔ་བཏང་ནས་གཞི་རིམ་ལས་བྱེད་པའི་སློབ་གླིང་གི་འཁོར་རྒྱུག་ལ་འགན་སྲུང་བྱས།

སློབ་སྒྲུབ་ཐད་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱེད་ཆེད། གཞི་རིམ་ལས་བྱེད་པའི་སློབ་གླིང་གིས་དམག་དོན་ཅན་གྱི་དོ་དམ་སློབ་ཁྲིད་ལག་བསྟར་བྱས་པ་དང་། གཙོ་བོར་ཏང་གཤིས་སློབ་གསོ་འབུར་དུ་ཐོན་པར་བྱས་ལ། རྨང་གཞིའི་ཤེས་བྱ་དང་དབུལ་སྐྱོར་ཤེས་བྱའི་སློབ་ཁྲིད་ལ་མཐོང་ཆེན་བྱས་ཏེ། མ་ལག་གསོ་སྦྱོང་སྤེལ། ལག་ལེན་སྦྱོང་བརྡར་སྐབས་སུ། རྗེས་གྲབས་ལས་བྱེད་པ་བདམས་ནས་ཏང་ཀྲི་པུའུ་ཡི་ལས་རོགས་པའི་འགན་ཁུར་དུ་བཅུག་པ་དང་། ལག་ལེན་ནུས་པ་མཐོར་འདེགས་བཏང་ལ། སྦྱོང་ཚན་སྤྱི་ཁོག་གི་དཔྱད་ཞིབ་གདེང་འཇོག་དང་སྐར་རྒྱག་ལམ་ལུགས་ལག་བསྟར་བྱས་པ་དང་། དཔྱད་འཇོག་གྲུབ་འབྲས་དེ་རྗེས་གྲབས་ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་བྱེད་པའི་གཞི་འཛིན་ས་གཙོ་བོ་རུ་བྱས། མིག་སྔའི་བར་དུ། གཞི་རིམ་ལས་བྱེད་པ་སྟོང་གཅིག་བརྒྱད་བརྒྱ་ལྔ་བཅུ་དང་སློབ་མ་བདུན་བརྒྱ་བར་དུ་རོགས་ཁྲིད་འབྲེལ་བ་བཙུགས།

སློབ་ཁྲིད་ཀྱི་འདུ་ཤེས་བསྒྱུར་བ་དང་། ཆབ་སྲིད་ཀྱི་གནས་ཐིག་གཏན་ཁེལ་མཐོར་འདེགས་གཏོང་བ། སློབ་གླིང་འཛུགས་སྐྲུན་དང་སློབ་གསོ་གསོ་སྦྱོང་རིམ་སྤོར་བྱེད་ཆེད། གཞི་རིམ་ལས་བྱེད་པའི་སློབ་གླིང་གིས་ཏང་གི་སློབ་གྲྭ་ཏང་ལ་གཏོགས་པའི་རྩ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་དང་གཞི་རིམ་ལས་བྱེད་པའི་སློབ་གླིང་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། དེ་མ་ཟད། གཞི་རིམ་ལས་བྱེད་པའི་སློབ་གླིང་གིས་ཏང་གཤིས་སློབ་གསོའི་སྤུས་ལེགས་སློབ་ཚན་བཙུགས་པ་དང་། ལྷག་པར་དུ་སྔ་གཞག་ཏུ་སྒོར་ས་ཡ་དྲུག་ལྷག་བཏང་སྟེ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གསར་བརྗེ་སློབ་གསོའི་རྟེན་གཞི་དང་ནང་ཆེན་རྫོང་གི་ཏང་གཤིས་སློབ་གསོ་རྟེན་གཞི་འཛུགས་སྐྲུན་བྱས་པ་མ་ཟད། གཞི་རིམ་ལས་བྱེད་པའི་སློབ་གླིང་གི་གསོ་སྦྱོང་རྟེན་གཞི་ཡི་སྒོ་བྱང་བཀལ་ནས། ཏང་གཤིས་སློབ་གསོ་དེ་བལྟ་ཆོག་པ་དང་མྱོང་ཚོར་བྱེད་ཐུབ་པའི་རིག་གནས་དང་དད་མོས་སུ་བསྒྱུར་པ་དང་། ནམ་ཡང་གི་ཏང་གི་རྗེས་སུ་འབྲངས་པའི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།