ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་ཡོངས་སུ་ཚུགས་པ་དང་། འཆར་འགོད་ཨུ་ཡོན་ལྷན་ཁང་དེ་ནི་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་ཞེ་ལྔའི་གྲུབ་ཡོད།
ཆེད་མཁས་པ་རྣམས་ནི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མི་སྣ་ཡིན་ལ། ཁོ་ཚོས་རང་སོ་སོའི་ཆེད་ལས་དང་ཟུང་དུ་སྦྲེལ་བའི་སྒོ་ནས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནད་དོན་ཆེ་གྲས་ལ་བགྲོ་གླེང་ལེགས་པོ་བྱས་ཏེ། འཛུགས་སྐྲུན་རང་བཞིན་གྱི་དོན་སྙིང་ལྡན་པའི་བསམ་འཆར་མང་པོ་བཏོན་པར་མ་ཟད། དེར་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་གཞི་རྩའི་བསམ་ཕྱོགས་ལ་འཆར་འགོད་བྱེད་པར་མཛུབ་སྟོན་དོན་སྙིང་དང་ཚུར་ལེན་གྱི་དོན་སྙིང་གལ་ཆེན་ལྡན།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཚོ་སྔོན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས།