མཚོ་སྔོན་བོད་སྨན་གྱི་ཚན་རིག་ཞིབ་འཇུག་གསར་སྐྲུན་དེ་རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   གསར་འགོད་པས་ཉེ་ལམ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་འཕེལ་རྒྱས་དང་གྲུབ་འབྲས་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་བོད་སྨན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ནས། བོད་སྨན་གྱི་ཚན་རིག་ཞིབ་འཇུག་གསར་སྐྲུན་དེ་རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་སླེབས་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་མི་རིགས་ཀྱི་སྨན་རྫས་དང་སྨན་བཅོས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱ་བ་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་ཞིག་ལ་བརྩིས་ཏེ། མ་དངུལ་འབོར་ཆེན་བཏང་བ་བརྒྱུད་དེ། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་གཞུང་བཙུགས་བོད་སྨན་ཁང་ཉེར་བརྒྱད་ཡོད་ཅིང་། ཞིང་ཆེན་བོད་སྨན་ཁང་དང་ཁུལ་རིམ་པའི་བོད་སྨན་ཁང་གིས་སྣེ་ཁྲིད་དེ། ཞིང་ཆེན་དང་ཁུལ་རིམ་པ་ནས་བོད་སྨན་སྦྲེལ་མཐུད་བྱེད་གནས་བཙུགས་པར་མ་ཟད། རྫོང་རིམ་པའི་ཁྱབ་ཁོངས་ནས་ཀྱང་བོད་སྨན་གཙོ་བོ་ཡིན་པའི་སྨན་ཁང་གི་རྣམ་པ་གྲུབ་པ ར་བྱས་ཡོད། མིག་སྔར་མཚོ་སྔོན་གྱིས་བཙུགས་ཟིན་པ་དང་འཛུགས་བཞིན་པའི་སྨན་ཁང་གི་ཁྲོད་དུ་བོད་སྨན་ཁང་བཞི་བརྒྱ་སོ་བདུན་ཡོད་ཅིང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གཞིས་ཁུལ་འཕྲོད་བསྟེན་ཁང་ཡོངས་བོད་སྨན་གྱིས་ཁེབས་པར་བྱས་པས། དེ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་སར་སླེབས་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།