རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལྟ་ཞིབ་ཚན་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་ལྟ་ཞིབ་བྱས་པའི་གནས་ཚུལ་ལ་ཕྱིར་ལན་སྤྲད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལྟ་ཞིབ་ཚན་ཁག་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ལྟ་ཞིབ་བྱས་པར་མ་ཟད། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ལྟ་ཞིབ་བྱས་པའི་གནས་ཚུལ་ལ་ཕྱིར་ལན་སྤྲད།

ལྟ་ཞིབ་ཚན་ཁག་གི་ཚན་གཙོ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཀྲི་ཅུན་གྱིས་ལྟ་ཞིབ་གནས་ཚུལ་ལ་ཕྱིར་ལན་སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་རྣམ་འགྱུར་བསྟན་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་གནས་ཚུལ་དང་རྒྱལ་ཁབ་ཀྱི་དཔྱད་ཞིབ་གནད་དོན་ལེགས་སྒྲིག་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ། ལྟ་ཞིབ་ཚན་ཁག་གི་ཚན་གཙོ་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲང་ཏུང་མའེ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཐིན་ཅཱ་ཚའེ། ཝང་ཡུས་ཡན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཀྲི་ཅུན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་མཐོང་ཆེན་བླ་མེད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་དངོས་འབེབས་དོན་འཁྱོལ་བྱས། དེ་མིན་ད་དུང་དབུལ་ཐར་མཁྲེགས་གཏོར་ལས་དོན་འདི་ཉིད་མིག་སྔའི་ཆབ་སྲིད་ཀྱི་འོས་འགན་གཙོ་བོར་བརྩིས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ཏེ། རང་རྟོགས་སྒོས་གནད་དོན་འཚོལ་ཞིབ་ཐེར་འདོན་དང་གཅིག་ཤེས་ཀུན་གྲོལ། གཟབ་ནན་དངོས་སྒྲུབ། འགན་འཁྲི་དོན་འཁྱོལ་ཇེ་བརྟན་དུ་གཏོང་བ། གནོན་ཤུགས་བརྒྱུད་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་འབད་མཐར། ལེགས་སྒྲིག་བྱ་བར་དེ་བསྟུན་གྱི་ཕན་འབྲས་མངོན་གསལ་བླངས་ཡོད་ཟེར།

ཝང་ཀྲི་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཁྲོད་སྔར་བཞིན་མི་འདང་ས་གནས་ཡོད། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་འགན་འཁྲི་ཕྲག་སྟེང་དུ་ལེན་པ། དབུལ་སྐྱོར་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་བར་སྔར་ལས་གཅིག་གྱུར་བཀོད་སྒྲིག་མཐུན་སྦྱོར་བྱེད་པ། དབུལ་སྐྱོར་ཐོན་ལས་ཀྱི་ཕན་ཁེ་སྔར་ལས་ཆེ་རུ་བསྐྱེད་པ། ནང་དུ་འདྲེན་པ་དང་ཕྱི་རུ་བསྐྱོད་པ་ཟུང་འབྲེལ་བྱེད་པར་སྔར་ལས་དོ་སྣང་བྱེད་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། ཞིང་སྡེ་དང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབུལ་ཐར་གྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་བ་བཅས་ལ་འབད་མཐར། དུས་བཅད་ལྟར་སྤུས་ཚད་མཐོ་བའི་དབུལ་ཐར་མཁྲེགས་གཏོར་འོས་འགན་ཡོངས་འགྲུབ་ཐད་འགན་ལེན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ལྟ་ཞིབ་ཚན་ཁག་གི་དཀའ་སྤྱད་སྡུག་རུས་དང་མཛུབ་སྟོན་ཞིབ་ཚགས་གནང་བར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐེངས་འདིའི་དབུལ་ཐར་མཁྲེགས་གཏོར་ལྟ་ཞིབ་ལས་དོན་གྱིས་མཚོ་སྔོན་ལ་སྐུལ་ལྕག་ཟབ་མོ་བཏང་བས། ང་ཚོས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ལས་དོན་ཞིབ་ཕྲ་ཅན་དང་དོན་དངོས་ཅན་དུ་བསྒྱུར་བར་འབད་དེ། ལྟ་ཞིབ་གྲུབ་འབྲས་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་དངོས་ཡོད་ཕན་འབྲས་སུ་བསྒྱུར་ཐུབ་དགོས། གཅིག་ནས་སྐུལ་ལྕག་ལ་གཅེས་སྤྲས་གནང་ནས་ང་རྒྱལ་དང་འཚབ་འཚུབ་ཀྱི་སྤྱོད་ལམ་རིང་དུ་དོར་དགོས། གཉིས་ནས་ངོས་འཛིན་རྩིས་ལེན་གྱི་གནད་དོན་ལ་མི་འཛེམ་པ། གསུམ་ནས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། བཞི་ནས་སྤུས་ཚད་ལ་འགན་ལེན་བྱས་ཏེ་ཉུང་འཕྲི་གཏན་ནས་བྱེད་མི་རུང་། ལྔ་ནས་ཁྱོན་ཡོངས་ནས་“མེད་པ་གཙང་སེལ་”བྱེད་དགོས། མདོར་ན་མཚོ་སྔོན་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལམ་ཆེན་སྟེང་བསྐྱོད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།