ཀྲང་ལིས་ཀྱིས་ཨོ་ཏིས་ལི་དང་ཀྲུང་གོ་མཛའ་བརྩེ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧའེ་དབྱིན་ཚེ•ཧྥེ་ཧྲི་ཨར་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཟི་ལིང་ནས་ཨོ་ཏིས་ལི་དང་ཀྲུང་གོ་མཛའ་བརྩེ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཨོ་ཏིས་ལི་ཡི་ཙུང་ཐུང་སྔོན་མ་ཧའེ་དབྱིན་ཚེ·ཧྥེ་ཧྲི་ཨར་ལ་ཐུག་འཕྲད་བྱས།

ཀྲུང་ལིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧའེ་དབྱིན་ཚེ·ཧྥེ་ཧྲི་ཨར་མཚོ་སྔོན་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་གནས་ཚུལ་དང་ཁྱད་ཆོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས།ཁོ་མོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ནས། མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཅི་ཡོད་སྒོས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་དང་ནུས་ཁུངས་དག་གཙང་འཕེལ་རྒྱས་སུ་གཏོང་བ། ཁྱད་ལྡན་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་སུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་འབད་དེ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྒུལ་ཤུགས་གསར་བ་དང་གསོན་ཤུགས་གསར་བ་བསྣན་ཡོད། མཚོ་སྔོན་དང་ཨོ་ཏིས་ལི་གཉིས་བར་སྔོན་ཆད་ནས་བཟུང་བརྗེ་རེས་དང་མཉམ་ལས་ཀྱི་འབྲེལ་འདྲིས་རྒྱུན་ཆད་མེད་པས། མུ་མཐུད་དུ་བརྗེ་རེས་མཉམ་ལས་ཀྱི་རྒྱ་ཆེ་རུ་བསྐྱེད་རྒྱུར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།