མཱ་ཅི་ཞའོ་ཡིས་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟིའི་བཟོ་ཚོགས་བྱ་བར་རྟོག་ཞིབ་བྱས།

མཱ་ཅི་ཞའོ་ཡིས་ཐོན་སྐྱེད་ལས་གནས་སྟེང་གི་ལས་བཟོ་བར་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུ་དམ་པོར་བཟུང་ནས་སློབ་གསོའི་ཟབ་སྦྱོང་བཟང་བོར་བསྒྲུབ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་ཏེ། བཟོ་ཚོགས་ཀྱིས་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་གཏུག་ཞབས་འདེགས་ཞུ་བའི་བྱེད་ནུས་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས། ལས་བཟོ་བས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་དགོས། ཁྲིམས་ལྟར་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ལ། ལས་བཟོ་བ་ཁེ་ལས་དོ་དམ་དང་ཁེ་ལས་ཐོན་སྐྱེད། ཁེ་ལས་འཕེལ་རྒྱས་བཅས་ཀྱི་ཁྲོད་ཞུགས་འདོད་ཀྱི་བརྩོན་སེམས་ལ་སྐུལ་ལྕག་བྱས་ནས། ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བ་དང་ལས་བཟོ་བའི་སྤུས་ཚད་མཐོ་བའི་འཚོ་བ་མངོན་དུ་འགྱུར་བར་འབད་འབུངས་བྱེད་དགོས་ཟེར།

མཱ་ཅི་ཞའོ་ཡིས་ད་དུང་ཁེ་ལས་རྒྱུན་མཐུད་ངང་བདེ་ཐང་བརྟན་འཇགས་ཡོང་བའི་ཐད་བསམ་འཆར་ཞིབ་ཕྲ་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།