མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ཡུལ་དངོས་གྲོས་ཚོགས་མགོ་ལོག་ཁུལ་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་ཡུལ་དངོས་གྲོས་ཚོགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་སོ་སོར་བྱ་བར་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལས་དོན་ནི་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་དཀའ་ཁག་ཆེ་བ་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད་དེ། མཚོ་སྔོན་གྱི་གནས་སྤོར་ཐུབ་པའི་འོས་འགན་སྤྱིའི་ཆ་ནས་ཡོངས་འགྲུབ་བྱས་ནས། བརྟན་འཇགས་འོང་ཐུབ་པ་དང་ཕྱུག་འགྱུར་ལ་ཕྱོགས་ཐུབ་པར་འགན་སྲུང་བྱས་ཡོད་ནའང་། ད་དུང་དཀའ་ཁག་ཆེ་ལ་ཞིབ་ཕྲ་ཅན་གྱི་ལས་དོན་མང་དུ་གནས་ཡོད། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གཅིག་ཀྱང་འཐུས་ཤོར་བྱུང་མི་རུང་བའི་དམ་བཅའ་སྙིང་ལ་བརྐོས་ཏེ། སྲིད་ཇུས་ལ་སྦྲེལ་མཐུད་དང་བགྲོད་ལམ་ཡང་དག་འཚོལ་བ། གནད་ས་འབུར་དུ་ཐོན་པར་བྱེད་པ། དཀའ་གནད་གཅིག་བསྡུས་བྱེད་པ། སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་པ། ནུས་ཁུངས་ལེགས་སྒྲིག་བྱེད་པ། འོས་འགན་ཕྲག་སྟེང་དུ་ལེན་པ། མཁྲེགས་གཏོར་ལ་མཉམ་འཐབ་བྱེད་པ་བཅས་ལ་འབད་དེ། ད་ལོར་དབུལ་བོ་དབུལ་ནག་གཅིག་ཀྱང་མེད་པ་བཟོས་ནས། སང་ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལས་དོན་ནི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་མིན་གྱི་འགག་རྩ་ཡིན། འདས་པའི་ལོ་ངོ་གསུམ་གྱི་རིང་ལ། ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལ་འཕེལ་རྒྱས་ཅུང་ཆེན་པོ་བྱུང་སྟེ། རྗེས་སྣོན་གཞོགས་འདེགས་གཙོ་བོར་བྱེད་པའི་དུས་རིམ་ལ་སླེབས་ཡོད། ང་ཚོས་ནན་ཏན་སྒོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་དབུལ་ཐར་ཡོང་བར་སྟོབས་ཤུགས་ཅི་ཡོད་འདོན་དགོས་ལ། ལས་ཞུགས་རོགས་སྐྱོར་སོགས་ཀྱི་ལས་རིམ་ལ་ཤུགས་བསྣན་ནས། གནས་སྤོར་མང་ཚོགས་ལ་སྡོད་ཁང་ལེགས་པོ་བསྐྲུན་རྒྱུ་དང་འཚོ་བ་བཟང་བོ་རོལ་དུ་བཅུག་ཐོག  ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བཟོ་སྐྲུན་བསྒྲུབ་དགོས་ཟེར།

ཚོགས་འདུ་ལས་ད་དུང་ཡུལ་དངོས་ནས་རྨ་ཆེན་དང་དགའ་བདེ། དར་ལག་བཅས་རྫོང་གསུམ་གྱི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ལས་གཞིར་ལྟ་ཞིབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལས་གཞན། སྔོན་ཐོན་ཐུན་མོང་བཅུ་བདུན་དང་སྔོན་ཐོན་མི་སྒེར་གྱ་གསུམ་ལ་གཟེངས་བསྟོད་བྱས། དེ་མིན་ད་ད་དུང་ཁུལ་དང་རྫོང་། སྡེ་ཁག་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།